རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་བོད་བརྒྱུད་ནང་བསྟན་སོགས་བརྗོད་གཞིར་བྱས་པའི་ས་མཐོའི་ཡུལ་སྐོར་ཆེན་པོ་ལྔ་གཏོད་རྒྱུ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་གསར་འགྱུར་ལྟེ་གནས།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2013-10-13

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་སྒྲིག་འཛུགས་རྩོམ་སྒྲིག་བྱས་པའི་མཚོ་བོད་ལྕགས་ལམ་རྒྱུད་ས་ཁུལ་གྱི་ཡུལ་སྐོར་གོང་འཕེལ་གྱི་སྤྱིའི་འཆར་འགོད་ལ་གཞིགས་ན།  སྤྱི་ལོ ༢༠༢༠ ལོའི་བར།  རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་བོད་བརྒྱུད་ནང་བསྟན་དང་འཛམ་གླིང་ཡང་རྩེ།  ས་མཐོའི་གྲགས་ཅན་གྲོང་ཁྱེར།   གངས་ལྗོངས་ཀྱི་ཡུལ་སྲོལ་གོམས་འདྲིས།   མྱུར་བགྲོད་མེ་འཁོར་བཅས་ཀྱི་ས་མཐོའི་བརྗོད་གཞིའི་ཡུལ་སྐོར་ཆེན་པོ་ལྔ་གཏོད་རྒྱུ་རེད།
འཆར་འགོད་དེར་གཞིགས་ན།  ཡུལ་སྐོར་ཚན་པས་མཚོ་སྔོན་པོ་དང་སྐུ་འབུམ་བྱམས་པ་གླིང་།  ཁུ་ནུ་རི་བོ།  ཁུ་ཁུ་ཤི་ལི།  གཙང་གསུམ་ཆུ་འགོ   གདང་ལ།    བྱང་རྩྭ་ཐང་གྱི་ངོ་མཚར་བོད་ཁྱིམ།   གནམ་མཚོ།  ཕོ་བྲང་པོ་ཏ་ལ།  གཙུག་ལག་ཁང་བཅས་ཡུལ་སྐོར་ཁུལ་ཆེ་མོ་བཅུ་གཏོད་རྒྱུ་རེད།   བསྐྲུན་རྩིས་ཡོད་པའི་ཁྱད་ལྡན་ལས་གཞི་ཆེ་མོ་དྲུག་ནི་ལྷ་སའི་རྟེན་རྫས་བཤམས་མཛོད་ཁང་གི་སྒྱུ་རྩལ་ཁང་དང་།  དམངས་སྲོལ་རིག་གནས་གྲོང་ཚོ།  རང་བྱུང་སྤྱི་གླིང་།   དུས་ཆེན་བྱེད་སྒོ།    མྱུལ་དཔྱད་ཡུལ་སྐོར་རྟེན་གཞི།  མཛེས་ལྗོངས་མེ་འཁོར་ས་ཚིགས་ལས་གཞི་བཅས་རེད།
ཤེས་རྟོགས་བྱས་པར་གཞིགས་ན།    མཚོ་བོད་ལྕགས་ལམ་བརྒྱུད་དུ་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་དང་ངོ་མཚར་ཆེ་བའི་མི་རིགས་རིག་གནས་ཡོད་པས།  མཚོ་བོད་ལྕགས་ལམ་ཤར་གཏོང་བྱས་ཚུན།  ལྕགས་ལམ་རྒྱུད་ཀྱི་ཡུལ་སྐོར་སྒྲིག་ཆས་དང་ཞབས་ཞུ་རྒྱུན་ཆད་མེད་པར་གོང་མཐོར་བཏང་ཡོད་པ་དང་།  དེང་སྐབས་མཚོ་བོད་ལྕགས་ལམ་གྱི་ལམ་ཐིགས་དེ་ཀྲུང་གོའི་ཁག་དང་པོའི་ཡུལ་སྐོར་ལམ་ཐིགས་རྩེ་གྲ་བཅུ་གཉིས་ཀྱི་གྲས་སུ་གྱུར་ཡོད་པརེད།།

 

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]