བོད་ལྗོངས་སློབ་གྲྭ་ཆེན་མོས་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་སློབ་མ་གཅིག་ཀྱང་སློབ་ཤོར་མི་ཡོང་བ་བྱ་རྒྱུ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2017-09-09

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  བོད་ལྗོངས་སློབ་གྲྭ་ཆེན་མོས་ཁྱོན་སློབ་མ་གསར་པ ༢༩༠༠ ལྷག་ཙམ་བསྡུས་པའི་ནང་དམིགས་བསལ་ལྟ་རྟོགས་ཐོག་ནས་བསྡུས་པའི་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་སློབ་མ་གསར་པ ༡༤༨ ཡོད།  ཤེས་རྟོགས་བྱུང་བར་གཞིགས་ན།  སློབ་འགོ་ཚུགས་རིང་བོད་ལྗོངས་སློབ་གྲྭ་ཆེན་མོའི་དབུ་ཁྲིད་སློབ་མའི་འབྱོར་ཐོ་བཀོད་ཡུལ་དུ་ཕེབས་ནས་ལས་ཀར་ཞིབ་བཤེར་མཛུབ་ཁྲིད་གནང་བ་དང་།  དམིགས་བསལ་དཀའ་ངལ་ཡོད་པའི་སློབ་མ་གསར་པ་དང་ཁྱིམ་བདག་ལ་བྱམས་བརྩེའི་འཚམ་འདྲི་གནང་བ་མ་ཟད་དམིགས་བསལ་དཀའ་ངལ་ཡོད་པའི་སློབ་མ་གསར་པ ༢༠ ལྷག་ལ་འཚམ་འདྲིའི་དངུལ་སྒོར ༡༠༠༠ རེ་སྤྲད་གནང་བ་རེད། 
བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་མའི་རོགས་དངུལ་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རེན་རྒྱ་མཚོས་གསར་འགོད་པར་ངོ་སྤྲོད་གནང་བར་གཞིགས་ན།  སྤྱི་ལོ ༢༠༡༦ དང་ ༢༠༡༧ ལོའི་བར་སློབ་གྲྭས་དམིགས་བསལ་རོགས་སྐྱོར་དངུལ་སྒོར་ཁྲི་ཚོ ༢༥༠ བཙུགས་ཡོད་པ་དང་།  ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་སློབ་མ ༡༢༡ ལ་སློབ་ཡོན་དང་ཉལ་ཁང་རིན་པ་ཁྱོན་སྒོར་ཁྲི་ཚོ ༢༧.༥༤ ཆག་ཡང་དང་རྩ་ཆག་བཏང་ཡོད་པ།  ལས་སློབ་གཉིས་བརྩོན་གྱི་ལས་གནས ༣༠༠ ལྷག་མཁོ་འདོན་བྱས་པ།  གཅེས་སེམས་ལས་གཞི་བརྒྱུད་དབུལ་ཕོངས་སློབ་མ ༡༠༢ ལ་སློབ་རོགས་དངུལ་སྒོར་ཁྲི་ཚོ ༡༠.༢ སྤྲོད་པ་བཅས་བྱས་ཡོད་པ་དང་།  གོམ་སྟབས་རྗེས་མར་བོད་ལྗོངས་སློབ་གྲྭ་ཆེན་མོས་རྒྱལ་ཁབ་ཀྱི་རོགས་སྐྱོར་སྲིད་ཇུས་མུ་མཐུད་ལག་བསྟར་དོན་འཁྱོལ་ལེགས་པོ་བྱས་ཏེ།  རོགས་སྐྱོར་གནད་འཕིགས་བྱེད་གང་ཐུབ་བྱས་ནས་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་སློབ་མར་རོགས་སྐྱོར་ཐུབ་ཚད་བརྒྱ་ཆ ༡༠༠ ཟིན་པ་བྱས་ནས་ཁྱིམ་ཚང་དཔལ་འབྱོར་དཀའ་ངལ་ཡོད་པའི་སློབ་མ་གཅིག་ཀྱང་སློབ་ཤོར་མི་ཡོང་བ་བྱ་རྒྱུ་རེད། །

  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]