རང་ལྗོངས་ཀྱིས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་དུས་རིམ་བཞི་པ་སྤེལ་བར་ཕན་འབྲས་བཟང་པོ་ཐོན་པ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2017-09-11

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོའི་དུས་རིམ་བཞི་པ་ཤེས་དཔལ་ལ་སྣང་ཆེན་བྱས་ནས།  འཚོ་བར་དགའ་ཞེན་བྱེད་པའི་བྱེད་སྒོ་སྤེལ་ཚུན་ལྗོངས་ཡོངས་ཀྱི་ས་ཁུལ ༼གྲོང་ཁྱེར༽ ཁག་གིས་སྒྲོག་འགྲེལ་བྱ་ཐབས་གསར་བ་དང་ལག་ལེན་གསོན་ཉམས་དོད་པའི་བྱ་ཐབས་ཐོག་ནས་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་སྐུལ་འདེད་བཏང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་རེད།

དུས་ཡུན་ཟླ་བ་གཅིག་རིང་རང་ལྗོངས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་རིགས་ཁག་གི་སྒྲོག་འགྲེལ་ཐེངས ༡༣༧༠༠ ལྷག་ཙམ་བྱས་པས་མང་ཚོགས་མི་ཐེངས་ཁྲི་ཚོ ༡༣༠ ལྷག་ཙམ་ལ་སློབ་གསོ་ཐེབས་པ་རེད།  གྲོང་ཁྱེར ༼ས་ཁུལ༽ ཁག་གིས་སྒྲོག་འགྲེལ་ལས་དོན་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བ་དང་ཆབས་ཅིག་རང་རང་གིས་དོན་དངོས་དང་ཟུང་འབྲེལ་དང་ལག་ལེན་གྱི་གཞི་རྟེན་གསར་གཏོད་བྱས་ནས།  སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་ཀྱི་ཕྱོགས་སུ་སྤེལ་བཞིན་པ་རེད།

ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་གཙང་སྦྲ་འཕྲོད་བསྟེན་གྱི་ཡོ་ཆས་ཞིང་དུད་ལ་སྤྲད་ནས་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་གོམས་གཤིས་བཟང་པོ་འཇགས་རྒྱུར་ཁྲིད་སྟོན་བྱས་པ་རེད།  གྲ་ནང་རྫོང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན།  དྲིལ་བསྒྲགས་པུའི་པུའུ་ཀྲང་གྲེན་ཤིང་པིད་ནས་གཙང་སྦྲ་འཕྲོད་བསྟེན་གྱི་ཡོ་ཆས་དེ་དག་སྤྲད་པ་བརྒྱུད་མང་ཚོགས་ཀྱིས་རྒྱུན་དུ་རང་འགུལ་ངང་གད་སྙེགས་སྒྲུག་པ་སོགས་ཀྱི་གོམས་གཤིས་བཟང་པོ་འཇགས་རྒྱུར་སྐུལ་ཁྲིད་ཐུབ་ནས།  གྲོང་ཚོ་དང་ཁྱིམ་ཚང་གི་ཁོར་ཡུག་གཙང་སྦྲ་དོད་དུ་ཕྱིན་ཡོད་ཅེས་གསུངས་པ་རེད།

གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་ཤར་ཕྱོགས་གྲོང་ཚོས་ཡུལ་སྲོལ་ཤེས་དཔལ་ལྡན་པ་དང་གྲོང་ཚོ་བཀོད་གཙང་ཡོང་རྒྱུ་གཙོ་གནད་ལ་རྩིས་ཏེ་མང་ཚོགས་ཀྱི་བསམ་བློ་ཀུན་སྤྱོད་སློབ་གསོར་ཤུགས་སྣོན་ཟམ་མ་ཆད་པ་རྒྱག་པ་དང་།  མང་ཚོགས་ཀྱིས་དོན་དངོས་བྱ་སྤྱོད་ལ་བརྟེན་ནས་ཤེས་དཔལ་ལ་སྣང་ཆེན་བྱས་ནས་འཚོ་བར་དགའ་ཞེན་བྱེད་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་པ་རེད།

གཞན་ཡང་རང་ལྗོངས་ཀྱིས་མང་ཚོགས་སྒྲིག་འཛུགས་བྱས་ནས་སྲོལ་ངན་དོར་བ་དང་དང་རྨོངས་དད་སེལ་བ།  གོམས་གཤིས་ངན་པ་བསྒྱུར་བཅོས་ཀྱི་གྲོས་བསྡུར་ཆེན་མོ་དང་ད་ལྟའི་བདེ་སྐྱིད་འཚོ་བར་རོལ་བའི་རྫོང་གྲོང་གི་གཟིགས་སྐོར་སློབ་སྦྱོང་།  གྲོང་གསེབ་མི་བཟང་ལ་ཚང་མས་སློབ་སྦྱོང་བྱེད་ཅེས་པ་སོགས་ཀྱི་རིགས་ཁག་གི་ལག་ལེན་བྱེད་སྒོ་ཐེངས ༢༡༠༠༠ ལྷག་ཙམ་སྤེལ་བའི་ནང་མང་ཚོགས་མི་ཐེངས་ཁྲི་ཚོ ༢༡༠ ལྷག་ཙམ་ཞུགས་པ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]