རང་ལྗོངས་ཀྱི་མངོན་མིན་ཤུལ་བཞག་རིག་གནས་རྒྱལ་ཁབ་རིམ་པའི་ཚབ་མཚོན་རང་བཞིན་རྣམ་གྲངས༨༩ཟིན་པ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2017-09-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༩ པའི་ཚེས ༡༡ ཉིན།  བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་གསར་འགྱུར་འགྲེམ་བསྒྲགས་ཚོགས་འདུ་འཚོགས་ནས།  ལོ་ལྔའི་རིང་བོད་ཀྱི་རིག་གནས་རྒྱུན་འཛིན་སྲུང་སྐྱོབ་དང་རིག་གནས་ཐོན་ལས་གོང་འཕེལ་སོགས་ཀྱི་ཐད་ལ་ཐོབ་པའི་གྲུབ་འབྲས་ངོ་སྤྲོད་བྱས་པ་རེད། 
ངོ་སྤྲོད་བྱས་པར་གཞིགས་ན།  རང་ལྗོངས་སུ་ད་ཆ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་རིགས་ཀྱི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་ཚབ་མཚོན་རང་བཞིན་གྱི་རྣམ་གྲངས ༢ ཡོད་པ་དང་རྒྱལ་ཁབ་རིམ་པའི་ཚབ་མཚོན་རང་བཞིན་རྣམ་གྲངས ༨༩ དང་རྒྱལ་ཁབ་རིམ་པའི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ ༦༨ ཡོད་པ།  རང་སྐྱོང་ལྗོངས་རིམ་པའི་ཚབ་མཚོན་རང་བཞིན་གྱི་རྣམ་གྲངས ༣༢༣ དང་རང་སྐྱོང་ལྗོངས་རིམ་པའི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ ༣༥༠ ཡོད་ཅིང་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་ཀྲུང་དབྱང་ནོར་སྲིད་ཀྱིས་སྔ་ཕྱི་བསྡོམས་མ་དངུལ་སྒོར་དུང་ཕྱུར ༡.༣༣ ལྷག་ཙམ་བཏང་ནས།  རྒྱལ་ཁབ་རིམ་པའི་རྣམ་གྲངས་སྲུང་སྐྱོབ་དང་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པའི་མྱུར་སྐྱོབ་རང་བཞིན་གྱི་ཐོ་འགོད་བྱེད་པ་དང་འབྲེལ་ཡོད་རྒྱུད་སྤེལ་བྱེད་སྒོ་སྤེལ་རྒྱུར་གྲོན་དངུལ་གྱི་འགན་སྲུང་བྱས་ཡོད།  ལྗོངས་ཡོངས་ཀྱི་རིམ་ཁག་ནོར་སྲིད་ཀྱིས་ཀྱང་དཀའ་ངལ་ཁྱད་བསད་བྱས་ཏེ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱབ་སྟེ།  སྤྱི་ལོ ༢༠༡༥ ལོ་ནས་བཟུང་རང་སྐྱོང་ལྗོངས་ནོར་སྲིད་ནས་མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཀྱི་ཆེད་སྤྱོད་མ་དངུལ་ལོ་རེར་སྒོར་ཁྲི་ཚོ ༡༠༠༠ གཏོང་གི་ཡོད་པ་ནས་ད་ཆའི་སྒོར་ཁྲི་ཚོ ༡༢༠༠ བར་མང་དུ་བཏང་ཡོད། །

  ༼  རྩོམ་སྒྲིག་ཚེ་རིང་གཡུ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]