གོ་འཇོ་རྫོང་གི་ཧྥུ་སྟོང་ཚན༣༥ཡི་ཨ་དབང་གློག་ཁང་དངོས་སུ་བེད་སྤྱོད་བྱེད་འགོ་ཚུགས་པ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2017-09-13

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  རྒྱལ་ཁབ་གློག་དྲ་ཧྲན་ཤིའི་ལུད་ལེའང་གློག་འདོན་ཀུང་སིས་འཛུགས་སྐྲུན་དོ་དམ་བྱེད་རོགས་བྱེད་པའི་གོ་འཇོ་རྫོང་གི་ཧྥུ་སྟོང་ཚན ༣༥ ཨ་དབང་གློག་ཁང་དངོས་སུ་བེད་སྤྱོད་བྱེད་འགོ་ཚུགས་པ་དེ་ནི།  ཆབ་མདོ་གྲོང་ཁྱེར་གྱི་རེས་སྐོར་གསར་པའི་གྲོང་གསེབ་གློག་དྲ་བསྒྱུར་བཟོ་རིམ་སྤོར་ལས་གཞིའི་བེད་སྤྱོད་གཏོང་འགོ་ཚུགས་པའི་གློག་ཁང་ཐོག་མ་དེ་ཡིན་པ་རེད།  ཤེས་རྟོགས་བྱས་པར་གཞིགས་ན།  གོ་འཇོ་རྫོང་ཨ་དབང་གློག་ཁང་དེ་ད་ལོའི་སྤྱི་ཟླ ༣ པར་སྐྲུན་འགོ་བཙུགས་པ་དང་ཁྱོན་མ་དངུལ་སྒོར་ཁྲི་ཚོ ༤༧༠༠ ལྷག་ཙམ་བཏང་པ་རེད། 
གློག་ཁང་དེས་གོ་འཇོ་རྫོང་གི་ལྷོ་རྒྱུད་གློག་དྲའི་གྲུབ་ཚུལ་ལེགས་སྒྲིག་དང་ཨ་དབང་ཤང་ཁོངས་ཀྱི་གྲོང་ཚོ ༡༢ དང་གནས་སྤོས་ས་ཚིགས ༩ ཡི་གློག་སྤྱོད་བདེ་འཇགས་འགན་སྲུང་བྱས་པ་དང་ཆབས་ཅིག  ཉེ་འཁོར་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་མཐོ་རུ་འགྲོ་རྒྱུ་དང་།  དབུལ་སྒྲོལ་ཕྱུག་འགྱུར་ཐད་གློག་ཤུགས་ཀྱི་འགན་ལེན་ཐུབ་པ་རེད།། 

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]