རང་ལྗོངས་ཀྱིས་གྲོང་གསེབ་ཡུལ་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་ཧུར་ཐག་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-05-07

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཀྲེ་ཅང་གི་གྲོང་ཚོ་དང་འབྲེལ་བའི་ཁྲི་སྟོང་ལས་གཞིའི་ཉམས་མྱོང་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་གྲོང་གསེབ་ཡུལ་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་ལས་ཀར་སྐུལ་སྤེལ་ཏན་ཏིག་གཏོང་བའི་ལྗོངས་ཡོངས་ཀྱི་བརྙན་ལམ་ཚོགས་འདུ་སྤྱི་ཟླ ༥ པའི་ཚེས ༥ ཉིན་གྱི་ཕྱི་དྲོ་འཚོགས་ཏེ།  ད་ལོའི་གཙོ་གནད་ལས་དོན་ལ་སྐུལ་སློང་བཀོད་སྒྲིག་བྱས་ཐོག  ཞིང་འབྲོག་ཁུལ་གྱི་ཡུལ་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་དང་འབྲེལ་བའི་ལོ་གསུམ་བྱ་སྤྱོད་དམིགས་ཚད་ཀྱི་ལས་འགན་སྒྲུབ་ཐུབ་རྒྱུར་འགན་སྲུང་མཁོ་འདོན་བྱས་ཡོད།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱལ་མཚན་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག  རང་ལྗོངས་ཀྱི་རིམ་ཁག་ཚན་པ་ཁག་གིས་འགན་སྲུང་བྱ་ཐབས་སྔར་བས་ནུས་ལྡན་བཟུང་བ་དང་གཙོ་གནད་ལས་འགན་མངོན་ཆེར་འཛིན་ཏེ།  གྲོང་གསེབ་ཡུལ་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་དང་འབྲེལ་བའི་ལོ་གསུམ་བྱ་སྤྱོད་ཀྱི་སྤྱིའི་བླང་བྱ་ཁོང་དུ་ཡང་དག་ཆུད་པ་བྱས་ཐོག  ཡུལ་བབ་དང་བསྟུན་པ་དང་རིགས་དབྱེ་ནས་ལག་བསྟར་བྱེད་པའི་རྩ་དོན་བཟུང་སྟེ།  ཚན་རིག་དང་མཐུན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས་པ་དང་།  གྲོང་ཚོ་སྟོང་ཁ་ལོན་པའི་དཔེ་སྟོན་ཁུལ་སྐྲུན་རྒྱུར་དམ་འཛིན་ངང་ལས་ཀར་སྐུལ་ཁྲིད་ཐུབ་པ་བྱས་ཏེ།  གྲོང་གསེབ་ཡུལ་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་ལས་ཀར་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་པའི་བླང་བྱ་བཏོན་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]