རང་ལྗོངས་ཀྱིས་ད་ལོའི་སློབ་གསོའི་སློབ་བསྡུའི་ཡིག་རྒྱུཌ་བདེ་བླག་ཡོང་རྒྱུར་འགན་སྲུང་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-05-08

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཡོངས་ཀྱི་སྤྱི་ལོ ༢༠༡༩ ལོའི་སློབ་གསོའི་སློབ་བསྡུའི་ཡིག་རྒྱུགས་བདེ་བླག་ཡོང་བ་བྱེད་རྒྱུའི་ལས་དོན་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་ལྷ་སར་འཚོགས་པ་རེད།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། ལྗོངས་སློབ་བསྡུ་ཡིག་རྒྱུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲི་མོའོ་ཅུན་ཚོགས་ར་གཙོ་བོའི་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་རིམ་སྤོར་བའི་སློབ་གསོའི་སློབ་བསྡུའི་ཡིག་རྒྱུགས་སྤྱི་ཟླ་དྲུག་པའི་ནང་གཅིག་བསྡུས་ཐོག་གཏོང་རྒྱུ་ཡིན་ཞིང་།  ལྗོངས་ཡོངས་ཀྱི་རིམ་ཁག་སློབ་གསོ་སྲིད་འཛིན་ཚན་པ་དང་སློབ་བསྡུ་ཚན་པ།  དེ་བཞིན་སློབ་བསྡུ་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་ལས་ཁུངས་བཅས་ཀྱིས་སློབ་བསྡུའི་ཡིག་རྒྱུགས་བདེ་བླག་ཡོང་བ་བྱེད་རྒྱུའི་ལས་དོན་གྱི་འགན་སེམས་དང་དུས་གཏུག་གི་བསམ་པ་ཆེ་རུ་གཏོང་བ་དང་།  དོ་ནན་དང་གཟབ་ནན།  ཏན་ཏིག  ཞིབ་ཕྲ་བཅས་ཀྱི་ལས་ཀའི་བྱེད་ཕྱོགས་ཐོག་ནས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་ཡིག་རྒྱུགས་ཁག་བདེ་བླག་ཡོང་བ་བྱེད་པའི་ལས་དོན་ཡག་པོ་སྒྲུབ་དགོས་པའི་མཛུབ་སྟོན་བྱས་པ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]