གཞིས་རྩེའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་གོང་འཕེལ་གྱི་རྣམ་པ་བཟང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-05-09

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་བའི་ལོའི་ཚུན་དུ།  གཞིས་རྩེ་གྲོང་ཁྱེར་གྱིས་ནང་འདྲེན་དང་ཕྱིར་བསྐྱོད་སོགས་ཀྱི་རྣམ་པ་བརྒྱུད།  ཐོན་ལས་ཤེས་ལྡན་པར་སྦྱོང་བརྡར་སྤྲོད་པ་དང་ཕྱི་ཕྱོགས་སྤེལ་རེས་ལས་ཀར་ཤུགས་སྣོན་བརྒྱབ་ནས།  ཁྱད་ལྡན་ལེགས་ཆའི་ཐོན་ལས་གསར་གཏོད་གོང་འཕེལ་ལ་སྐུལ་འདེད་བཏང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

གཞིས་རྩེ་གྲོང་ཁྱེར་གྱིས་སྔ་རྗེས་སུ་ཁེ་ལས་མཁས་ཅན་པར་སྦྱོང་བརྡར་སྤྲོད་པའི་འཛིན་གྲྭ་དང་།  བཟོ་ལས་རྐང་འཛིན་ཁེ་ལས་ཀྱི་བསྡོམས་རྩིས་ནོར་དོན་དངུལ་རྩའི་ལས་སྒོའི་ཤེས་བྱའི་སྦྱོང་བརྡར་འཛིན་གྲྭ།  དབུལ་གྲོལ་འགག་སྒྲོལ་བཟོ་ལས་ཀྱི་རྐང་འཛིན་ཁེ་ལས་དོ་དམ་པར་སྦྱོང་བརྡར་སྤྲོད་པའི་འཛིན་གྲྭ་བཅས་གཉེར་བ་དང་ཆབས་ཅིག  ནང་སའི་ལས་རིགས་ཀྱི་རིགས་གཅིག་མཁས་ཅན་དང་ཁེ་ལས་མཁས་ཅན་གདན་འདྲེན་ཞུས་ཏེ།  ཆེད་དོན་སྦྱོང་བརྡར་གཉེར་ནས་ཁྱོན་མི་ཐེངས ༡༢༠ ལྷག་ལ་སྦྱོང་བརྡར་སྤྲད་པས།  གྲོང་ཁྱེར་དེའི་ཁེ་ལས་ཀྱི་ཞིབ་ཚགས་ཅན་གྱི་དོ་དམ་ཆུ་ཚད་མཐོ་རུ་ཕྱིན་ཡོད།  ཁྱད་ལྡན་ལག་ཤེས་བཟོ་ལས་ཀྱི་རྐང་འཛིན་ཁེ་ལས་ཀྱི་དོ་དམ་པ་ནང་སའི་ཞིང་ཆེན་དང་གྲོང་ཁྱེར་ཁག་ཏུ་སློབ་སྦྱོང་བྱེད་པར་བཏང་བ་དང་གཙོ་གནད་ཁེ་ལས་འོས་སྦྱོར་བྱེད་སྒོར་ཞུགས་སུ་བཅུག་པ་མ་ཟད།  ལྗོངས་ཕྱི་ནང་གི་ཁེ་ལས་ནས་གསར་གཏོད་ཇུས་འགོད་དང་ཐོན་རྫས་བྲིན་འཚོང་སོགས་ཀྱི་ཐད་རྒྱ་ཁྱབ་ངང་མཉམ་ལས་བྱས་པ་དང་།  སྤུས་རྟགས་ཁྱབ་གདལ་དང་ཁྲོམ་ར་རྒྱ་སྐྱེད་གཏོང་རྒྱུར་སྐུལ་འདེད་བཏང་བས།  བཟོ་ལས་དཔལ་འབྱོར་འཕར་སྣོན་བརྟན་པོ་དང་གྲུབ་ཆ་ལེགས་སྒྲིག་ཐུབ་ཡོད།

ད་བར་གྲོང་ཁྱེར་དེ་ཡོངས་སུ་གཞི་ཁྱོན་ཅན་ཡན་གྱི་བཟོ་ལས་ཁེ་ལས ༢༢ མང་དུ་ཕྱིན་པ་དང་།  བཟོ་ལས་ཁྱབ་ཁོངས་ནང་བོད་རང་སྐྱོང་ལྗོངས་ཀྱི་གྲགས་ཅན་ཚོང་རྟགས་ཀྱི་ཁེ་ལས ༣ མང་དུ་ཕྱིན་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]