ཉིང་ཁྲི་གྲོང་ཁྱེར་གྱིས་ལས་ཞུགས་ལས་གཏོད་ལས་ཀར་སྐུལ་སྤེལ་ཏན་ཏིག་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-05-10

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉིན་ཤས་གོང་གསར་འགོད་པས་ཉིང་ཁྲི་གྲོང་ཁྱེར་གྱི་འབྲེལ་ཡོད་ཚན་པ་ནས་ཤེས་རྟོགས་བྱས་པར་གཞིགས་ན།  སྤྱི་ཟླ་དང་པོ་ནས་བཞི་པའི་བར།  ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི ༩༦༡ གསར་དུ་ལས་ཞུགས་ཐུབ་ནས་དམིགས་ཚད་ལས་འགན་གྱི་བརྒྱ་ཆ ༢༤ ལེགས་སྒྲུབ་ཐུབ་པ་དང་།  གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མའི་ལས་ཀ་ཤོར་ཚད་བརྒྱ་ཆ ༢.༢ ནང་ཚུན་དུ་ཚོད་འཛིན་ཐུབ་པ།  ཞིང་འབྲོག་ཁུལ་གྱི་ངལ་ནུས་མི་ཐེངས་ཁྲི ༡.༤ གནས་སྤོས་ལས་ཞུགས་ཐུབ་པ།  ཞིང་འབྲོག་མང་ཚོགས ༩༣༠༠ ལྷག་ཙམ་གནས་སྤོས་ལས་ཞུགས་ཐུབ་པ།  གནས་སྤོས་ལས་ཞུགས་ཀྱི་ཡོང་འབབ་སྒོར་ཁྲི ༢༧༠༩ ཟིན་པ་བཅས་དེ་དག་ཁག་སོ་སོར་དམིགས་ཚད་ལས་འགན་གྱི་བརྒྱ་ཆ ༢༨.༣ དང་བརྒྱ་ཆ ༣༧.༥  བརྒྱ་ཆ ༡༣.༥ བཅས་ལེགས་སྒྲུབ་ཐུབ་ཡོད།  ལས་གཏོད་པ ༣༥ གསར་སྣོན་བྱུང་ནས་མི ༨༦ ལས་ཞུགས་ཐུབ་པ་བཅས་རེད།

སྤྱི་ལོ ༢༠༡༩ ལོའི་ཚུན་དུ།  ཉིང་ཁྲི་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་ལས་ཞུགས་སྔོན་ལ་འཇོག་པའི་འཐབ་ཇུས་ལག་བསྟར་བྱེད་པ་དང་།  ཡར་བརྩོན་གྱི་ལས་ཞུགས་ལས་གཏོད་སྲིད་ཇུས་རྒྱུན་འཁྱོངས་བྱེད་པ།  ངལ་རྩོལ་པའི་རང་བདག་ལས་ཞུགས་དང་ཁྲོམ་རར་ལས་ཞུགས་ལེགས་སྒྲིག  སྲིད་གཞུང་ནས་ལས་ཞུགས་ལ་སྐུལ་འདེད་དང་ལས་གཏོད་ལ་སྐུལ་ལྕག་བཅས་ཀྱི་མཛད་ཕྱོགས་རྒྱུན་འཁྱོངས་བྱས་པས།  གྲོང་ཁྱེར་དེ་ཡོངས་ཀྱི་ལས་ཞུགས་རྣམ་པ་རྒྱུན་སྲིང་བརྟན་ལྷིང་བྱུང་ཡོད།  ཉིང་ཁྲི་གྲོང་ཁྱེར་གྱིས་དཔྱིད་རླུང་བྱ་སྤྱོད་དང་དམངས་གཉེར་ཁེ་ལས་ཀྱི་གདན་ཞུའི་གཟའ་འཁོར།  རྩེ་གྲ་གདན་ཞུས་བྱེད་སྒོ་སོགས་རིགས་ཁག་གི་གདན་ཞུའི་བྱེད་སྒོ་སྤེལ་ཏེ་ལས་གནས་གསར་སྤེལ་བྱས་པ་བརྒྱུད།  ལས་རིགས་རྩལ་ནུས་སྦྱོང་བརྡར་དང་ཞིང་འབྲོག་མང་ཚོགས་གནས་སྤོས་ལས་ཞུགས་ཐུབ་ཤུགས་ཆེ་རུ་བཏང་ནས།  ཉིང་ཁྲི་གྲོང་ཁྱེར་གྱི་ལས་ཞུགས་ལས་གཏོད་ལས་ཀར་འགག་སྒྲོལ་གསར་པ་ཡོང་རྒྱུར་སྐུལ་སྤེལ་ཏན་ཏིག་བཏང་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]