ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་ས་གཙང་ཐོན་ལས་དེ་མང་ཚོགས་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་བཟང་པོར་གྱུར།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-05-11

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ས་གཙང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིས་དམངས་འཚོར་དོ་ཁུར་དང་དམངས་ལ་ཁེ་ཕན་གཏོད་པ།  དམངས་ལ་ཞབས་འདེགས་ཞུ་བ།  དམངས་ལ་སྟབས་བདེ་སྐྲུན་པ་བཅས་ཀྱི་རྩ་དོན་གཞིར་བཟུང་ཁྲོམ་རའི་ཐོག་ཞིང་ཞོར་ཐོན་རྫས་ཀྱི་ཟོག་གོང་བརྟན་པོ་ཡོང་ཆེད།  དམངས་ཕན་ཐད་ཚོང་རླངས་འཁོར་གྱི་རྣམ་གྲངས་ཧུར་ཐག་སྤེལ་བ་དང་།  ཆུའི་ཐོན་ལས་དང་དཀར་ཆུའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བས་ཐོན་ལས་འཕེལ་རྒྱས་མཉམ་འདྲེས་ཆེན་པོ་དང་མང་ཚོགས་ཐུན་མོང་ཐོག་འབབ་འཕར་ཕྱུག་འགྱུར་བྱུང་བ་རེད། 
ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ས་གཙང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་དུང་ཧྲེ་ཀྲང་ཝུའུ་ཅེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན།  སྤྱི་ལོ ༢༠༡༨ ལོར་ང་ཚོས་ས་གཙང་གནོད་མེད་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་ཤུགས་ཆེ་བཏང་ནས་ས་གནས་དེ་གའི་མང་ཚོགས་ཀྱི་ལས་ཞུགས་གནད་དོན་ཐག་གཅོད་ཧུར་ཐག་བྱས་པ་དང་།  དཀའ་ངལ་ཡོད་པའི་མང་ཚོགས་ཚོས་རང་ཉིད་ཀྱི་ངལ་རྩོལ་ལ་བརྟེན་ནས་ཐུན་མོང་ཐོག་དབུལ་གྲོལ་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་བཏང་ཡོད།  ཁྲེང་ཀོན་ཆུས་ས་གཙང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིས་གཉིས་ལྡན་དུད་སྦྲེལ་ཞབས་ཞུ་དོ་དམ་བྱེད་རྒྱུ་དེ་ས་གཙང་གནོད་མེད་ཐོན་ལས་རྣམ་གྲངས་དང་ཟུང་འབྲེལ་བྱས་ཏེ།  གླིང་ཁོངས་ཀྱི་རྣམ་གྲངས་ལེགས་ཆར་གང་ལེགས་བསྟུན་པས་དུད་སྦྲེལ་ཁྱིམ་ཚང་ ༤༤༠ ཡི་མང་ཚོགས་དབུལ་པོ ༡༣༧༡ ལ་འབབ་འཕར་བྱུང་བ་དང་།  མི ༥༩༧ ལས་ཞུགས་ཐུབ་པའི་ནང་ཞིང་འབྲོག་པ ༣༡༢ ཡོད།  ཀུང་སིས་སྤྱི་ལོ ༢༠༡༨ ལོར་ལྷ་ས་གྲོང་ཁུལ་དུ་སྔོ་ཚལ་ཐད་ཚོང་རླངས་འཁོར་དང་ཐད་ཚོང་ས་ཚིགས་སྣ་ཚོགས་ཁྱོན ༧༢ བཀོད་སྒྲིག་བྱས་ཏེ།  ཉིན་ལྟར་ཞིང་ཞོར་ཐོན་རྫས་སྣ་ཁ ༥༠ ནས ༦༠ བར་ཁྲོམ་རའི་རིན་གོང་ལས་བརྒྱ་ཆ ༡༠ ནས ༣༠ བར་དམའ་བ་བྱས་ནས་འཚོང་གིན་ཡོད་པ་མ་ཟད།  ད་དུང་ཚོང་པས་བར་ཁེ་ཟ་བ་དང་ཟོག་གོང་སྤོར་བའི་སྣང་ཚུལ་གཏན་འགོག་ཀྱང་བྱས་ཡོད།  བསྡོམས་རྩིས་བརྒྱབ་པར་གཞིགས་ན།  སྤྱི་ལོ ༢༠༡༨ ལོར་ཀུང་སི་དེས་དམངས་ཕན་སྔོ་ཚལ་ཐད་ཚོང་རླངས་འཁོར་གྱི་རྣམ་གྲངས་བརྒྱུད་མང་ཚོགས་ལ་ཁེ་བཟང་སྒོར་ཁྲི ༨༠༠ ལྷག་ཙམ་གཏོད་ཡོད།

སྤྱི་ལོ ༢༠༡༨ ལོར་ཁྲེང་ཀོན་ཆུས་ས་གཙང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིས་གནད་འཕིགས་དབུལ་སྐྱོར་གྱི་ཁེ་སྤོགས་བགོ་འགྲེམས་ལས་དོན་དོན་འཁྱོལ་ཧུར་ཐག་བྱས་པས།  དབུལ་པོའི་མང་ཚོགས་གནད་འཕིགས་དབུལ་སྒྲོལ་ཐུབ་ནས་འབབ་འཕར་ཕྱུག་འགྱུར་བྱུང་བ་དང་།  གནད་འཕིགས་དབུལ་སྐྱོར་རྣམ་གྲངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དབུལ་པོའི་དུད་ཚང་ལ་ཁེ་སྤོགས་བགོ་འགྲེམས་མ་དངུལ་སྒོར་ཁྲི ༣༣༧.༥༡ བྱས་པ་དང་ཞིང་འབྲོག་པར་གླ་ཆ་སྒོར་ཁྲི ༡༣༨༩.༣༤ སྤྲད་ཡོད།  ཁྲེང་ཀོན་ཆུས་ས་གཙང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིས་ས་གཙང་གནོད་མེད་ཐོན་ལས་འཕེལ་རྒྱས་ཤུགས་ཆེ་གཏོང་བ་དང་།  ཞིང་འབྲོག་པའི་ལས་ཞུགས་ཐག་གཅོད་བྱེད་ཞོར་དུ་ཁེ་བོགས་ཀྱི་དངུལ་བགོ་བ་དང་རྣམ་གྲངས་ཀྱི་ཁེ་སྤོགས་བགོ་བགྱི་ཡོད་པ་མ་ཟད།  ད་དུང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཁྲོམ་གཞུང་དཔལ་སྡིངས་གྲོང་ཚོའི་གྲོང་གསེབ་ཀྱི་དཔལ་འབྱོར་མཉམ་ལས་ཁང་དང་མཉམ་འབྲེལ་བྱས་ཏེ་འདེབས་འཛུགས་ལ་བརྟེན་ནས་འབབ་འཕར་ལ་སྐུལ་འདེད་བཏང་ཡོད།  གླིང་ཁོངས་རྣམ་གྲངས་ཁག་གི་སྐུལ་སྤེལ་འོག་རང་ཁ་རང་གསོ་བྱས་ནས་རྗེས་ལུས་རྣམ་པར་ཡང་འགྱུར་ལྡོག་གཏོང་གང་ཐུབ་བྱས་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]