ལྗོངས་ཡོངས་སུ་གོ་ཆོད་ཐོ་འགོད་ཚོང་རྟགས༢༣༧༤༠ཟིན།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-05-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  བོད་ཀྱི་ཚོང་རྟགས་སྤུས་རྟགས་གོང་འཕེལ་གྲུབ་འབྲས་འགྲེམས་བསྒྲགས་བྱས་པ་དང་།  ད་བར་ལྗོངས་ཡོངས་སུ་གོ་ཆོད་ཐོ་འགོད་ཚོང་རྟགས ༢༣༧༤༠ ཟིན་པ་དང་ཀྲུང་གོའི་ཀུན་གྲགས་ཚོང་རྟགས ༡༦ ཡོད།

ཉེ་བའི་ལོའི་ནང་།  རང་ལྗོངས་ཀྱི་ཚོང་རྟགས་གྲངས་འབོར་འཕར་སྣོན་མགྱོགས་པོ་བྱུང་བ་དང་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཁྱོན་མུ་མཐུད་ཆེ་རུ་ཕྱིན་པ།  ཁྲོམ་རའི་བྱེད་པོའི་སྤུས་རྟགས་ཀྱི་འདུ་ཤེས་དང་གསར་གཏོད་ཀྱི་འདུ་ཤེས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་བཅས་བྱུང་ནས།  སྐད་གྲགས་ཆེ་བ་དང་འགྲན་རྩོད་ནུས་པ་ཆེ་བའི་ས་མཐོའི་ཁྱད་ལྡན་སྤུས་རྟགས་ཁག་ཅིག་ཐོན་པ་དང་།  ཁེ་ལས་རྒྱ་སྟོབས་ཆེ་རུ་གཏོང་བ་དང་དཔལ་འབྱོར་སྤུས་ལེགས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ཐད་ཚོང་རྟགས་སྤུས་རྟགས་ཀྱི་ནུས་པ་རྒྱུན་ཆད་མེད་པར་མངོན་གསལ་དོད་དུ་འགྲོ་བཞིན་ཡོད།

གྲངས་གཞིའི་ཐོག་ནས་མངོན་པར་གཞིགས་ན།  རང་ལྗོངས་ཀྱིས་དབུལ་གྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བ་དང་ས་གནས་དཔལ་འབྱོར་གོང་འཕེལ་ལ་ཞབས་ཞུ་བྱེད་པའི་ཡུལ་ལུང་མཚོན་རྟགས་ཀྱི་ཚོང་རྟགས་ཁག ༩༤ བར་འཕེལ་རྒྱས་བྱུང་བ་དང་།  ལྗོངས་ཡོངས་ཀྱི་གྲོང་ཁྱེར༼ ས་ཁུལ ༽བདུན་གྱི་ནས་དང་འབྲི་གཡག  སྤོས།  སྣམ་བུ།  ཞོག་ཁོག  ཇ།  སྡོང་ཕུང་།  བེར་ཤ་སོགས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་དང་ནགས་ཁྲོད་ཐོན་ཁུངས་ཐོན་རྫས།  བོད་ཀྱི་ཁྱད་ལྡན་རིག་གནས་ཐོན་རྫས་བཅས་ལ་ཁྱབ་པ་རེད།  ཁུལ་ཁོངས་དང་ལས་རིགས་ཀྱི་སྤྱི་སྤྱོད་ཚོང་རྟགས་མེད་པའི་ལོ་རྒྱུས་མཇུག་སྒྲིལ་ཏེ།  ལྷ་ས་ས་གཙང་ཞེས་པའི་སྤྱི་སྤྱོད་སྤུས་རྟགས་གཤམ་འོག་གི་ཐོན་རྫས་ཀྱི་ཚོང་རྟགས ༡༧ ཚང་མ་ཐོ་འགོད་ལེགས་སྒྲུབ་ཟིན་པ་དང་།  དགུང་སྔོན་དྭངས་གཙང་ཞེས་པའི་ཚོང་རྟགས་ཐོ་འགོད་ཟིན་ནས་བེད་སྤྱོད་ཐུབ་པ།  བོད་ཀྱི་ཆུ་བཟང་ལས་རིགས་མཐུན་ཚོགས་ཞེས་པའི་ཚོང་རྟགས་ལ་ཡང་ཐོ་འགོད་བྱེད་རྒྱུའི་ཆོག་མཆན་ཐོབ་ཅིང་ས་གོ་ལའི་སྣེ་གསུམ་མ་ཞེས་པ་ཐོ་འགོད་རེ་ཞུ་ཧུར་ཐག་བྱེད་བཞིན་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]