རིགས་གཅིག་མཁས་དབང་གིས་དབྱར་ཁ་ཆུ་ལོག་དང་འདམ་རུད་སོགས་ཀྱི་གནོད་འཚེ་སྔོན་འགོག་བྱེད་དགོས་པའི་དྲན་སྐུལ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-05-14

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

དབྱར་ཁ་ཤར་བ་དང་བསྟུན་ཏེ་རང་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དུ་ཆར་དུས་སླེབས་ཟིན་སྟབས་ཆུ་ལོག་དང་འདམ་རུད་སོགས་གནོད་འཚེ་སྔོན་འགོག་བྱེད་དགོས་པ་དང་། གཞན་ཡང་རིགས་གཅིག་མཁས་ཅན་གྱིས་དྲོད་ཚད་མཐོ་རུ་འགྲོ་བ་དང་བསྟུན་ནས་མི་ཚོས་བཟའ་བཏུང་གི་བདེ་འཇགས་ལ་ཡིད་གཟབ་བྱས་ཏེ་ནད་རིམས་སྔོན་འགོག་བྱེད་དགོས་པའི་དྲན་སྐུལ་གནང་ཡོད།  
ལྗོངས་གནམ་གཤིས་ལས་ཁུངས་ཀྱི་བཟོ་བཀོད་པ་ཕུར་བུ་ཚེ་རིང་གིས་ངོ་སྤྲོད་གནང་བར་གཞིགས་ན།  གཟའ་འཁོར་འདིའི་ནང་རང་ལྗོངས་སུ་ཆ་སྙོམས་ཆར་པ་བབ་ཚད་ནག་ཆུའི་ཤར་རྒྱུད་དུ་ཅུང་མང་བ་ཡོད་པ་དང་།  ལྗོངས་ཡོངས་ཀྱི་དེ་མིན་ས་ཁུལ་གྱི་ཆ་སྙོམས་དྲོད་ཚད་རྒྱུན་ལྡན་ལྟར་ཡིན་ཞིང་།  གཟའ་ཟླ་བ་ནས་ལྷག་པའི་བར་ཉིང་ཁྲི་དང་ལྷོ་ཁའི་ལྷོ་རྒྱུད་དུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་བབ་རྒྱུ་རེད་ལ་ས་ཆ་ཁ་ཤས་སུ་ཆར་པ་ཆེ་བ་བབ་རྒྱུ་ཡིན་པ་དང་།  ཆབ་མདོ་དང་ནག་ཆུའི་དབུས་ཤར་དང་ཡར་རླུང་གཙང་པོའི་རྒྱུད་ཀྱི་དབུས་ཤར་རྒྱུད་ལ་སྤྲིན་པ་མང་པོ་འཁོར་རྒྱུ།  ས་ཆ་ཁ་ཤས་སུ་གངས་ཆར་ཆུང་བ་འབབ་རྒྱུ་དང་དེ་མིན་གྱི་ས་ཁུལ་དུ་གནམ་དྭངས་བ་དང་སྤྲིན་པ་མང་པོ་འཁོར་རྒྱུ་རེད། 
གཟའ་པ་སངས་ནས་ཉི་མའི་བར་ཡར་རླུང་གཙང་པོའི་རྒྱུད་དང་ནག་ཆུ།  ཉིང་ཁྲི་བཅས་ལ་སྤྲིན་པ་མང་པོ་འཁོར་ནས་ཆར་པ་ཆུང་བ་བབ་རྒྱུ་དང་ས་ཆ་ཆ་ཤས་སུ་ཆར་པ་འབྲིང་བའམ་དྲག་ཆར་འབབ་རྒྱུ།  དེ་མིན་ས་ཁུལ་དུ་སྤྲིན་པ་མང་པོ་འཁོར་རྒྱུ་དང་ས་ཆ་ཁ་ཤས་སུ་གནམ་འཐིབས་ནས་ཆར་པ་ཆུང་བ་བབ་རྒྱུ་བཅས་རེད། 
དབྱར་ཁ་གནམ་གཤིས་འགྱུར་ལྡོག་ཆེ་བས་རང་བྱུང་གི་གནོད་འཚེ་ཐོན་སླ་པོ་ཡོད་པས།  ཕུར་བུ་ཚེ་རིང་ནས་རང་ལྗོངས་ཀྱི་ཤར་ལྷོ་རྒྱུད་དུ་ཆར་དུས་སླེབས་ཟིན་པས།  ཆར་པ་བབ་རྗེས་རི་རུད་དང་འདམ་རུད་སོགས་ས་གཤིས་གནོད་འཚེ་ཐོན་རྒྱུར་དོགས་ཟོན་བྱེད་དགོས་པ་དང་།  ཉིང་གུང་ནས་དགོང་མོའི་བར་དུས་ཐུང་ནང་ཁྱབ་རྒྱ་ཆུང་བའི་རླུང་པོ་ཆེན་པོ་རྒྱག་པ་དང་དྲག་ཆར་སོགས་ཀྱི་གནམ་གཤིས་སྟོན་རྒྱུ་ཡིན་པས་དོགས་ཟོན་བྱེད་དགོས་པའི་དྲན་སྐུལ་གནང་།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]