རང་ལྗོངས་ཀྱིས་ད་ལོའི་སྤྱི་ཟླ༦པའི་ཟླ་མཇུག་གོང་སྤྱི་ཚོགས་འགན་བཅོལ་གཱ་ཁྲི༢༧༠སྤྲད་ཟིན་པ་བྱེད་རྒྱུ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-05-15

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ལོ་གཉིས་ལྷག་ཙམ་རིང་སྤྱི་ཚོགས་འགན་སྲུང་གཱ་ཡི་གྲངས་གཞི་བསྡུ་རུབ་དང་སྤྱི་ཚོགས་འགན་བཅོལ་མ་ལག་འཛུགས་སྐྱོང་བྱས་པ་བརྒྱུད།  ལྗོངས་ཡོངས་ཀྱི་གྲོང་མིའི་སྤྱི་ཚོགས་འགན་སྲུང་གཱ་སྤྱིར་ན་བཟོས་ཟིན་པ་དང་།  གྲོང་ཁྱེར༼ ས་ཁུལ ༽ཁག་གི་མི་སྤྱི་ཚན་པས་མཉམ་ལས་དངུལ་ཁང་ཁག་དང་མཉམ་འབྲེལ་ཐོག་སྤྱི་ཚོགས་འགན་སྲུང་གཱ་སྤྲོད་བཞིན་ཡོད་པ་དང་།  སྤྱི་ཟླ ༦ པའི་ཟླ་མཇུག་གོང་ལྗོངས་ཡོངས་ཀྱི་སྤྱི་ཚོགས་འགན་སྲུང་གཱ་ཁྲི་ཚོ ༢༧༠ སྤྲོད་པའི་ལས་འགན་ལེགས་སྒྲུབ་ཐུབ་བཟོ་ཡོད།  སྤྱི་ལོ ༢༠༡༩ ལོའི་ལོ་མཇུག་གོང་སྤྱི་ཚོགས་འགན་སྲུང་གཱ་ཁྲི་ཚོ ༣༠༠ སྤྲོད་པའི་ལས་འགན་ལེགས་སྒྲུབ་བྱེད་རྒྱུ་རེད།  

ངོ་སྤྲོད་བྱས་པར་གཞིགས་ན།  སྤྱི་ལོ ༢༠༡༩ ལོའི་ཟླ ༣ ཚེས ༡༨ ཉིན་ནས་བཟུང་།  འབྲེལ་ཡོད་ཚན་པས་སྤྱི་ཚོགས་འགན་བཅོལ་དང་སྨན་བཅོས་འགན་བཅོལ་སོགས་ཁྱབ་ཁོང་ནང་སྤྱི་ཚོགས་འགན་སྲུང་གཱ་དངོས་སུ་བེད་སྤྱོད་བྱེད་འགོ་ཚུགས་པ་དང་།  སྤྱི་ཟླ ༥ ཚེས ༡༥ ཉིན་གོང་།  ལྗོངས་ཡོངས་ཀྱི་དམིགས་བཙུགས་སྨན་ཁང་ཚང་མར་སྤྱི་ཚོགས་འགན་སྲུང་གཱ་བརྒྱུད་སྨན་བཅོས་བྱེད་ཐུབ་རྒྱུ་རེད།  དམིགས་བཙུགས་སྨན་རྫས་ཁང་ཚང་མར་སྤྱི་ཚོགས་འགན་སྲུང་གཱ་སྤྱད་ནས་སྨན་རྫས་ཉོ་སྒྲུབ་བྱེད་ཐུབ་ཀྱི་ཡོད།  སྤྱི་ཚོགས་འགན་སྲུང་གཱ་སྤྱོད་འགོ་ཚུགས་རྗེས།  སྤྱི་ཚོགས་འགན་སྲུང་གཱ་དེས་དེ་སྔ་སྤྱོད་པའི་སྨན་བཅོས་འགན་བཅོལ་གཱ་ཡི་ཚབ་བྱེད་རྒྱུ་དང་།  ལས་བཟོ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་གཱ་ཡོད་མཁན་གྱིས་སྨན་བཅོས་འགན་བཅོལ་གཉེར་སྒྲུབ་ཚན་པར་ཐོ་འགོད་བྱས་རྗེས།  ལྗོངས་ཕྱི་རོལ་དུ་སྤྱི་ཚོགས་འགན་སྲུང་གཱ་ལ་བརྟེན་ནས་སྨན་ཁང་དུ་ཞག་སྡོད་སྨན་བཅོས་བྱེད་ཐུབ་པ་དང་དྲ་ཐོག་ནས་སྨན་བཅོས་ཀྱི་འབྲེལ་ཡོད་གྲོན་དངུལ་སྤྲོད་ཐུབ་རྒྱུ་རེད། 
རྒྱ་ཆེའི་གྲོང་མི་དང་མང་ཚོགས་ཚོར་སྟབས་བདེ་སྐྲུན་ཆེད།  སྤྱི་ཚོགས་འགན་སྲུང་གཱ་ལ་ལོ་གཉིས་ཡས་མས་ཀྱི་བར་བརྒལ་དུས་ཚོད་གཏན་འཁེལ་བྱས་པ་དང་།  དེང་སྐབས་སྤྱི་ཚོགས་འགན་སྲུང་གཱ་རགས་མེད་པ་དང་སྤྱི་ཚོགས་འགན་སྲུང་གཱ་བེད་སྤྱོད་ནུས་ལྡན་མ་ཐུབ་མཁན་གྱིས་བར་བརྒལ་དུས་ཚོད་ནང་དེ་སྔའི་སྨན་བཅོས་འགན་བཅོལ་གཱ་མུ་མཐུད་བེད་སྤྱོད་བྱེད་ཆོག་པ་དང་།  རང་ལྗོངས་ཁྱབ་ཁོངས་ནང་སྤྱི་ཚོགས་འགན་སྲུང་གཱ་སྤྲོད་མཁན་གྲས་སུ་ཀྲུང་གོ་དངུལ་ཁང་དང་ཞིང་ལས་དངུལ་ཁང་།  བཟོ་ཚོང་དངུལ་ཁང་།  འཛུགས་སྐྲུན་དངུལ་ཁང་།  བོད་ལྗོངས་དངུལ་ཁང་སོགས་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]