བོད་བརྒྱུད་ནང་བསྟན་གྱི་རྡོ་རམས་པའི་སྐབས༡༥པའི་མཐོ་རིམ་ཡོན་ཚད་སྤྲོད་པ་དང་དཔེ་ཆའི་དགེ་རྒན་གྱི་ཐོབ་ཐང་དཔྱད་ཞིབ་གཏན་འཁེལ་གྱི་སྐབས༥པའི་བྱེད་སྒོ་སྤེལ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-05-22

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༥ པའི་ཚེས ༢༠ ཉིན།  བོད་བརྒྱུད་ནང་བསྟན་གྱི་རྡོ་རམས་པའི་སྐབས་བཅོ་ལྔ་པའི་མཐོ་རིམ་ཡོན་ཚད་སྤྲོད་པ་དང་དཔེ་ཆའི་དགེ་རྒན་གྱི་ཐོབ་ཐང་དཔྱད་ཞིབ་གཏན་འཁེལ་གྱི་སྐབས་ལྔ་པའི་བྱེད་སྒོ་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་གཉེར་བ་རེད།  བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པ་དང་།  ཇོ་ནང་པ།  བཀའ་བརྒྱུད་པ་བཅས་ཀྱི་གྲུབ་མཐའ་ཁག་ནས་ཕེབས་བའི་ཐོབ་ཐང་རེ་ཞུ་བ ༤༠ ལ་ཡོན་ཚད་ཀྱི་ཐོབ་ཐང་ཞིབ་བཤེར་བྱས་པ་དང་།  ཁོང་ཚོས་རྟགས་གསལ་གཏོང་བ་དང་དཔྱད་རྩོམ་ཞུ་ལན་སྤྲད་རྗེས་བོད་བརྒྱུད་ནང་བསྟན་གྱི་རྡོ་རམས་པའི་མཐོ་རིམ་ཡོན་ཚད་རགས་པ་དང་།  ས་སྐྱ་པ་དང་བཀའ་བརྒྱུད་པ་ནས་ཕེབས་པའི་རེ་ཞུ་བ་བརྒྱད་ལ་ཁག་སོ་སོར་མཐོ་རིམ་ནང་བསྟན་སློབ་གླིང་གི་རིམ་པ་དང་པོ་དང་གཉིས་པའི་དཔེ་ཆའི་དགེ་རྒན་གྱི་ཐོབ་ཐང་ལག་ཁྱེར་རགས་ཡོད།  ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བ་བྱེད་སྒོར་ཕེབས་པ་མ་ཟད་ཤིས་ཚིག་ཡང་བསྒྲོན་གནང་བ་རེད།  སྤྱི་ཚེས ༢༡ ཉིན་གྱི་སྔ་དྲོ།  ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་རྡོ་རམས་པའི་མཐོ་རིམ་ཡོན་ཚད་རགས་མཁན་དང་དཔེ་ཆའི་དགེ་རྒན་གྱི་ཐོབ་ཐང་རགས་མཁན་ལ་མཇལ་ཁ་གནང་བ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]