ཆབ་མདོའི་ཁེ་ལས་ཁག་གྲོང་ཁྱེར་དེས་དབུལ་གྲོལ་འགག་སྒྲོལ་ལ་རྒྱལ་ཁ་ལེན་པའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-06-01

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ཆབ་མདོ་གྲོང་ཁྱེར་གྱི་ཁེ་ལས་བརྒྱ་ཡིས་གྲོང་ཚོ་བརྒྱ་ལ་རོགས་སྐྱོར་བྱེད་པའི་དབུལ་སྐྱོར་གནད་འཕིགས་ཀྱི་ཞལ་འདེབས་བྱེད་སྒོ་ཆབ་མདོའི་ཇ་རྟའི་ཐང་ཆེན་དུ་སྤེལ་བ་དང་།  གྲོང་ཁྱེར་དེ་ཡོངས་ཀྱི་དམངས་གཉེར་ཁེ་ལས ༣༩ ཡིས་ཞལ་འདེབས་སྒོར་ཁྲི་ཚོ ༧༥ བརྒྱབ་པ་དང་རིན་ཐང་སྒོར་ཁྲི་ཚོ ༣༤ ལྷག་ཙམ་རི་བའི་དངོས་ཟོག་ཞལ་འདེབས་རྒྱབ་པ་མ་ཟད།  མི ༦༠ ལ་ལས་ཞུགས་ལས་གནས་མཁོ་འདོན་བྱས་པ་རེད།  
ངོ་སྤྲོད་བྱས་པར་གཞིགས་ན།  སྤྱི་ལོ ༢༠༡༦ ལོར་ཁེ་ལས་བརྒྱ་ཡིས་གྲོང་ཚོ་བརྒྱ་ལ་རོགས་སྐྱོར་བྱེད་པའི་གནད་འཕིགས་དབུལ་སྐྱོར་བྱེད་སྒོ་སྤེལ་ཚུན།  ཆབ་མདོ་གྲོང་ཁྱེར་ལ་ཁྱོན་དམངས་གཉེར་ཁེ་ལས ༣༡༣ ཡོད་པ་དེ་དག་གིས་འབོད་སྐུལ་ལ་བརྡ་ལན་ཧུར་ཐག་ཞུས་ནས་ལས་ཞུགས་རོགས་སྐྱོར་དང་སྤྱི་ཕན་རོགས་སྐྱོར།  རྩལ་ནུས་རོགས་སྐྱོར།  ཐོན་ལས་རོགས་སྐྱོར་སོགས་རྣམ་པ་སྣ་ཚོགས་བརྒྱུད་སྔ་ཕྱི་བསྡོམས་མ་དངུལ་དང་དངོས་ཟོག་སྒོར་ཁྲི་ཚོ ༥༠༠༠ ལྷག་ཙམ་བཏང་སྟེ།  དབུལ་ཕོངས་གྲོང་ཚོ ༢༧༡ དང་དབུལ་ཕོངས་མང་ཚོགས ༡༥༠༠༠ ལྷག་ཙམ་ལ་རོགས་སྐྱོར་བྱས་ཡོད།  ཁེ་ལས་དེ་དག་གྲོང་ཁྱེར་དེ་ཡོངས་སུ་དབུལ་གྲོལ་འགག་སྒྲོལ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པའི་སྟོབས་ཤུགས་ཆེན་པོ་ཞིག་ལ་གྱུར་ཡོད།། 
 

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]