པ་སྣམ་རྫོང་སྐད་གཉིས་བུ་བཅོལ་ཁང་གིས་དྲུག་གཅིག་ལ་རྟེན་འབྲེལ་ཞུ་བའི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-06-02

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༥ པའི་ཚེས ༣༠ ཉིན།  གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་སྐད་གཉིས་བུ་བཅོལ་ཁང་གིས་སེམས་ནུས་གཅིག་སྒྲིལ་ངང་གོང་འཕེལ་ཡོང་བ་དང་ལོ་ཆུང་བྱིས་པས་མཉམ་དུ་གླུ་དབྱངས་ལེན་ཞེས་པའི་དྲུག་གཅིག་བྱིས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་བརྗོད་དོན་གཙོ་བོའི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་བ་རེད།  གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་སྐད་གཉིས་བུ་བཅོལ་ཁང་གི་དབུ་འཛིན་ལྷ་མོ་ཚེ་རིང་ནས།  སྒྱུ་རྩལ་གྱི་ཞུན་བརྡར་འོག་ཕྲུ་གུ་ཚོའི་མི་གཤིས་བཟང་དུ་གཏོང་བ་དང་གསར་གཏོད་བྱེད་སེམས་གསོ་སྐྱོང་བྱེད་པ།  བཀོལ་སྤྱོད་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་པ་དང་ཆབས་ཅིག  ཕྲུ་གུ་དང་ཁྱིམ་བདག་དབར་གྱི་བརྩེ་སེམས་ཟབ་གཏོང་དང་སྤེལ་རེས་ལ་སྐུལ་འདེད་གཏོང་ཆེད་ད་རེས་ཀྱི་བྱེད་སྒོ་དེ་གཉེར་བ་ཡིན་ཞེས་གསུངས།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]