རང་ལྗོངས་སྔར་རྒྱུན་བཞིན་འཛམ་གླིང་ཐོག་སྐྱེ་ཁམས་སྤུས་ཚད་ལེགས་ཤོས་ཀྱི་ས་ཁུལ་གྲས་ཤིག་རེད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-06-03

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས་གཅིག་ཉིན་གྱི་སྔ་དྲོ།  རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ལོ ༢༠༡༨ ལོའི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་གྱི་གསར་འགྱུར་འགྲེམས་བསྒྲགས་ཚོགས་འདུ་འཚོགས་པ་རེད། 

ཚོགས་འདུའི་ཐོག རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གིས་ཡོངས་བསྒྲགས་བྱས་པའི་ཆ་འཕྲིན་ཐོག་ནས་མངོན་པར་གཞིགས་ན།  སྤྱི་ལོ ༢༠༡༨ ལོར་ལྗོངས་ཡོངས་སུ་ཁོར་ཡུག་སྤུས་ཚད་རྒྱུན་མཐུད་ལེགས་པོ་བྱུང་ཡོད་པ་དང་།  ལྟ་ཞིབ་ཚད་ལེན་ནང་བཅུག་པའི་ཆུ་བོའི་སྤུས་ཚད་ཚང་མ་ས་འོག་ཆུའི་ཁོར་ཡུག་སྤུས་ཚད་ཚད་གཞིའི་རིམ་པ་གསུམ་པའི་ཚད་གཞིར་སླེབས་པ་དང་ཡང་ན་དེ་ལས་མཐོ་བ་ཡོད།  ས་ཁུལ་རིམ་པ་ཡན་གྱི་གྲོང་ཁྱེར་གཅིག་བསྡུས་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཆུའི་སྤུས་ཚད་སྤྱིའི་ཆ་ནས་བདེ་འཇགས་ཡིན་པ།  གྲོང་ཁྱེར༼ ས་ཁུལ ༽བདུན་གྱི་ཁོར་ཡུག་དང་མཁའ་རླུང་སྤུས་ཚད་ཆ་སྙོམས་ལེགས་ཚད་བརྒྱ་ཆ ༩༨.༢ ཟིན་གྱི་ཡོད་པ་དང་།  ཀྲུང་གོ་ཚན་རིག་ཁང་དང་ཁོར་ཡུག་སྲུང་སྐྱོང་སོགས་ཚན་པའི་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞིའི་ཐོག་ནས་མངོན་པར་གཞིགས་ན།  བོད་ལྗོངས་འདི་ཉིད་སྔར་རྒྱུན་བཞིན་འཛམ་གླིང་ཐོག་སྐྱེ་ཁམས་སྤུས་ཚད་ལེགས་ཤོས་ཀྱི་ས་ཁུལ་གྲས་ཤིག་རེད།

སྤྱི་ལོ ༢༠༡༨ ལོར་ལྗོངས་ཡོངས་སུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ཐད་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་ལས་ཀའི་འགོ་ཡག་པོ་ཚུགས་པ་དང་།  སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོར་བརྟན་པོའི་ངང་སྐུལ་སྤེལ་ཐུབ་པ།  སྤུས་ལེགས་གོང་འཕེལ་ལ་ཞབས་ཞུ་ཞུ་བའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ།  ཁོར་ཡུག་དོ་དམ་གྱི་སྒྲིག་གཞི་རིམ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ།  ཁོར་ཡུག་སྲུང་སྐྱོང་གི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་ཕྱིན་པ།  ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལྡོག་འདྲེན་གནད་དོན་བཅོས་སྒྲིག་ལེགས་སྒྲུབ་བྱུང་བ་བཅས་ཀྱི་རྣམ་པ་བཟང་པོ་ཐོན་ཡོད།  
དགུང་སྔོན་སྲུང་སྐྱོང་དམག་འཐབ་ཀྱི་ལོ་གསུམ་བྱ་སྤྱོད་འཆར་གཞི་དོན་འཁྱོལ་ནན་པོ་བྱས་པ་དང་།  ཆུའི་སྦགས་བཙོག་འགོག་བཅོས་བྱ་སྤྱོད་འཆར་གཞི་མུ་མཐུད་ལག་བསྟར་བྱས་ཏེ།  གཅིག་བསྡུས་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་བྱ་སྤྱོད་སྤེལ་ནས།  རྫོང་རིམ་པ་ཡན་གྱི་གྲོང་ཁྱེར་འཐུང་ཆུའི་ཆུ་འགོའི་སྲུང་སྐྱོང་ཁུལ་དབྱེ་མཚམས་གཅོད་པའི་ལས་དོན་ལེགས་སྒྲུབ་བྱས་པ་རེད།  བོད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་དང་འཛུགས་སྐྲུན་འཆར་འགོད་ལག་བསྟར་གཏིང་ཟབ་བྱས་ཏེ།  སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་དང་གཙོ་གནད་སྐྱེ་ཁམས་ནུས་པའི་ཁུལ་གྱི་སྐྱེ་ཁམས་སླར་གསོ་ལས་གཞིའི་འཆར་འགོད་བཟོ་འགོ་ཚུགས་པ་དང་།  གྲོང་གསེབ་དར་རྒྱས་འཐབ་ཇུས་དང་སྐྱེ་ཁམས་དར་རྒྱས་འཆར་འགོད་བཟོ་བའི་ལས་དོན་ལེགས་སྒྲུབ་ཟིན་པ་དང་སྦྲགས།  རྫོང་༼ ཆུས ༽༧༤ རུ་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་དབྱེ་མཚམས་གཅོད་པའི་ལས་དོན་ལེགས་སྒྲུབ་ཟིན་པ་དང་།  གཙོ་གནད་སྐྱེ་ཁམས་ནུས་པའི་ཁུལ་གྱི་སྤོ་བསྒྱུར་གཏོང་སྤྲོད་དང་རིགས་ཁག་གི་སྐྱེ་ཁམས་ཁ་གསབ་ལམ་སྲོལ་རྒྱུན་མཐུད་འཐུས་སྒོ་ཚང་དུ་ཕྱིན་ཡོད། 
འབྲེལ་ཡོད་གྲངས་གཞིའི་ཐོག་ནས་མངོན་པར་གཞིགས་ན།  སྤྱི་ལོ ༢༠༡༨ ལོར་སྐྱེ་ཁམས་བདེ་འཇགས་སྲུང་བཅད་དང་འཛུགས་སྐྲུན་ཐད་ཁྱོན་མ་དངུལ་སྒོར་དུང་ཕྱུར ༡༡.༣༣ བཏང་ཡོད།  
ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལྡོག་འདྲེན་གནད་དོན་བཅོས་སྒྲིག་ལ་སྐུལ་འདེད་ཏན་ཏིག་བཏང་བས།  རང་སྐྱོང་ལྗོངས་རིམ་པའི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཁྱོན་ཡོངས་ལ་ཁྱབ་ཡོད།  གཏེར་ཁའི་ཐོན་ཁུངས་གསར་སྤེལ་ཐད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྨྱུག་གཅིག་མའི་ཞིབ་མཆན་རྒྱུན་འཁྱོངས་བྱས་ནས།  འཆར་འགོད་དང་འཛུགས་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་ཤུགས་རྐྱེན་དཔྱད་དཔོགས་ལམ་ལུགས་ལག་བསྟར་ནན་པོ་བྱས་པ་དང་།  བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག་བཟོ་བཅོས་བརྒྱབ་ནས་བཏོན་པ།  བོད་རང་སྐྱོང་ལྗོངས་ཀྱི་མཁའ་རླུང་བཙོག་སྐྱོན་འགོག་བཅོས་སྲོལ་ཡིག་འགྲེམས་སྤེལ་ལག་བསྟར་བྱས་པ་རེད།  ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་དྲུག་པས་ལྡོག་འདྲེན་བྱས་པའི་ལྟ་ཞིབ་བསམ་འཆར་གཞིར་བཟུང་།  ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དུས་ཐོག་ཏུ་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་དྲུག་པའི་ལྟ་ཞིབ་ལྡོག་འདྲེན་བསམ་འཆར་ལག་བསྟར་དོན་འཁྱོལ་བྱེད་པའི་བོད་རང་སྐྱོང་ལྗོངས་ཀྱི་བཅོས་སྒྲིག་ཇུས་གཞི་པར་འགྲེམས་བྱས་པ་དང་།  ལྗོངས་ཡོངས་སུ་རིམ་ཁག་ཚན་པ་ཁག་གིས་བཅོས་སྒྲིག་ཇུས་གཞིའི་ནང་གསལ་བཏོན་བྱས་པའི་བཅོས་སྒྲིག་ལས་འགན ༤༥ དང་ཞིབ་ཕྲའི་བཅོས་སྒྲིག་བྱ་ཐབས ༡༧༩ ལ་ནན་པོར་གཞིགས་ཏེ།  བཅོས་སྒྲིག་ལས་འགན་ཁག་ཞིབ་ཚགས་སུ་བཏང་བ་དང་སྐུལ་སྤེལ་ཏན་ཏིག་བཏང་བས་བཅོས་སྒྲིག་ལས་ཀའི་འཕེལ་རིམ་བཟང་པོ་བྱུང་ཡོད།། 

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]