ལྷོ་ཁས་ཞིང་ཆེན་གསུམ་གྱི་ཁ་གཏད་རོཌ་སྐྱོར་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-06-05

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྷོ་ཁ་གྲོང་ཁྱེར་གྱིས་ཤེས་ལྡན་པ་དང་བློ་རིག་འདྲེན་འགུགས་ལས་གཞི་ལག་བསྟར་ཤུགས་ཆེ་བྱས་ཏེ་ཧུའུ་ནན་དང་ཧུའུ་པེ།  ཨན་ཧུའེ་བཅས་ཁ་གཏད་རོགས་སྐྱོར་ཞིང་ཆེན་གསུམ་གྱི་ཤེས་ལྡན་པ་དང་བློ་རིག་གི་ལེགས་ཆར་བརྟེན་ནས།  རིགས་གཅིག་མཁས་ཅན་དང་ཤེས་ལྡན་པ་སྟོང་ཁ་ལོན་པ་གདན་ཞུས་བྱས་ཏེ་དུས་བཀག་ཞབས་ཞུའི་ལས་དོན་སྤེལ་ནས།  གྲོང་ཁྱེར་དེ་ཡོངས་ཀྱི་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་བསྒྱུར་བཅོས་བརྟན་ལྷིང་ལ་སྐུལ་འདེད་བཏང་ཡོད།

སྤྱི་ལོ ༢༠༡༣ ལོའི་ཚུན་དུ།  ལྷོ་ཁ་གྲོང་ཁྱེར་གྱིས་ཁ་གཏད་རོགས་སྐྱོར་གྱི་ཞིང་ཆེན་གསུམ་དང་གྲོས་མོལ་བྱས་ཏེ་དུས་ཐུང་བོད་སྐྱོར་ཆེད་ལས་ལག་རྩལ་གྱི་ཤེས་ལྡན་པ་དང་།  སློབ་གསོ་དང་ཚོགས་སྒྲིག་རྣམ་པའི་སྨན་བཅོས་བོད་སྐྱོར་ཟུང་འབྲེལ་བྱ་ཐབས་བཟུང་ནས།  སྔ་རྗེས་སུ་ཁ་གཏད་རོགས་སྐྱོར་ཞིང་ཆེན་གསུམ་ནས་ཁྱོན་ཁག་བཅུ་གཅིག་ལ་དབྱེ་སྟེ་རིགས་གཅིག་མཁས་ཅན་དང་ཤེས་ལྡན་པ་མི་ཐེངས ༡༤༠༠ ལྷག་གདན་ཞུས་བྱས་ཏེ།  དུས་ཡུན་ལོ་ཕྱེད་ཡན་གྱི་བོད་སྐྱོར་ལས་འགན་གསར་པ་ལག་ལེན་བསྟར་བ་རེད།  ཤེས་ལྡན་པ་གདན་ཞུས་ཐད་སློབ་གསོ་འཕྲོད་བསྟེན་དང་ཞིང་ལས།  ནགས་ལས།  ཚན་རྩལ།  ཨར་ལས།  གྲོང་ཁྱེར་དོ་དམ་སོགས་དམངས་འཚོའི་ཁྱབ་ཁོངས་གཙོ་གནད་དུ་བྱས་ཤིང་།  དབུལ་སྐྱོར་གསར་སྤེལ་དང་གྲོང་ཁྱེར་འཆར་འགོད།  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་།  ཡུལ་སྐོར་དོ་དམ།  རིག་གནས་དྲིལ་བསྒྲགས།  ཁུལ་གསར་འཛུགས་སྐྲུན་སོགས་ལས་རིགས་ཁྱབ་ཁོངས་ཚུད་ཡོད་པའི་རྫོང་༼ ཆུས ༽༡༢ དང་གྲོང་ཁྱེར་ཐད་གཏོགས་ཀྱི་ལས་ཁུངས་ཁག་ལ་ཁྱབ་ཡོད།  སྤྱི་ལོ ༢༠༡༩ ལོར་གདན་ཞུས་བྱས་པའི་རིགས་གཅིག་མཁས་ཅན་དང་ཤེས་ལྡན་པ ༡༤༠ ལྷག་ཁྲོད་ནས།  བརྒྱ་ཆ ༦༠ ཡན་རྫོང་༼ ཆུས ༽ཁག་དང་བདེ་སྐྱིད་ཁྱིམ་གཞིས་ཐོན་ལས་གླིང་།  དེ་བཞིན་སྒྲིག་གཞི་བསྒྱུར་བཅོས་རྗེས་ཀྱི་གསར་དུ་བཙུགས་པའི་གྲོང་ཁྱེར་ཐད་གཏོགས་ཚན་པར་གཅིག་སྡུས་བྱས་ཡོད།

ལྷོ་ཁ་གྲོང་ཁྱེར་གྱི་བཀོལ་སྤྱོད་རང་བཞིན་གྱི་ཆེད་ལས་ལག་རྩལ་ཤེས་ལྡན་པ་དང་མཐོ་རིམ་ཤེས་ལྡན་པ་ཁ་ཐང་བ་སོགས་ཀྱི་གནད་དོན་ལ་དམིགས་ཏེ།  ཞིང་ཆེན་གསུམ་གྱི་རིགས་གཅིག་མཁས་ཅན་དང་ཤེས་ལྡན་པ་བོད་དུ་ཡོང་རྗེས་སློབ་ཚན་ཐེངས་ཁ་ཤས་འཁྲིད་དགོས་པ་དང་།  དགེ་ཕྲུག་གཉིས་གསུམ་ཞིག་རོགས་ཁྲིད་བྱ་དགོས་པའི་གྲོང་ཨུད་ཀྱི་བླང་བྱ་གཞིར་བཟུང་།  ཆེད་ལས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ས་ཆ་དེ་གའི་ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་མཐོང་ཆེན་བྱས་པ་དང་།  སྔ་རྗེས་སུ་རིགས་ཁག་གི་ཆེད་དོན་འཆད་འཁྲིད་ཐེངས ༢༤༠༠ ལྷག་གཉེར་ཏེ་རིགས་ཁག་གི་ཆེད་ལས་ལག་རྩལ་ཤེས་ལྡན་པ་མི་ཐེངས་ཁྲི ༤.༨ ལྷག་ལ་སྦྱོང་བརྡར་སྤྲད་ནས།  གྲོང་ཁྱེར་དེ་ཡོངས་ཀྱི་ལས་རིགས་ཁག་གི་ཁྱབ་ཁོངས་ཀྱི་རྒྱུད་རོགས་ཁྲིད་གསུམ་གྱི་ཆེད་དུ་ལས་སྒོའི་རྐང་འཛིན་པ་དང་ཡུལ་དེ་གའི་ཤེས་ལྡན་པ ༢༠༠༠ ལྷག་གསོ་སྐྱོང་བྱས་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]