ལྷོ་ཁ་གྲོང་ཁྱེར་དུག་རྫས་སྔོན་འགོག་སློབ་གསོའི་རྟེན་གཞི་བེད་སྤྱོད་བྱེད་འགོ་ཚུགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-06-06

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྷོ་ཁ་གྲོང་ཁྱེར་དུག་རྫས་སྔོན་འགོག་སློབ་གསོའི་རྟེན་གཞི་བསྐྲུན་ཟིན་ཏེ་དངོས་སུ་བེད་སྤྱོད་བྱེད་འགོ་ཚུགས་པ་དང་།  དེ་ནི་རང་ལྗོངས་སུ་དུག་རྫས་བཀག་སྡོམ་སློབ་གསོའི་རྟེན་གཞི་ཆེ་ཤོས་དེ་རེད།

ཤེས་རྟོགས་བྱས་པར་གཞིགས་ན།  ལྷོ་ཁ་གྲོང་ཁྱེར་དུག་རྫས་སྔོན་འགོག་སློབ་གསོའི་རྟེན་གཞི་དེར་དུག་རྫས་བཀག་སྡོམ་ལོ་རྒྱུས་ཁུལ་དང་།  འདྲ་བཟོས་དུག་རྫས་འགྲེམས་སྟོན་ཁུལ།  དུག་རྫས་འཐེན་བྱེད་ཡོ་བྱས་འགྲེམས་སྟོན་ཁུལ།  དུག་རྫས་འཐེན་རྗེས་ཀྱི་རླངས་འཁོར་གཏོང་བའི་འདྲ་བཟོའི་ཉམས་ལེན་ཁུལ།  དུག་རྫས་འཐེན་རྗེས་ཀྱི་འདྲ་བཟོའི་ཉམས་ལེན་ཁུལ།  ཟླུམ་ཡོལ་འགྲེམས་སྟོན་ཁུལ།  དུག་རྫས་བཀག་སྡོམ་གྲུབ་འབྲས་འགྲེམས་སྟོན་ཁུལ་བཅས་བཙུགས་ཡོད།
དུག་རྫས་འཐེན་རྗེས་རླངས་འཁོར་གཏོང་བའི་འདྲ་བཟོའི་ཉམས་ལེན་ཁུལ་དུ།  གཟིགས་སྐོར་བ་ཚོས་རྟོག་བཟོས་དང་དོན་དངོས་ལག་རྩལ་བརྒྱུད་དུག་རྫས་འཐེན་རྗེས་ཁ་ལོ་བར་ཐོན་པའི་གནས་ཚུལ་མྱོང་ཚོར་དང་ཉམས་ལེན་ཐུབ་ཀྱི་ཡོས་པས།  དུག་རྫས་འཐེན་རྗེས་རླངས་འཁོར་གཏོང་བ་དེས་རང་ཉིད་ཀྱི་བདེ་འཇགས་ཐད་ཉེན་ཁ་ཇི་ལྟར་བཟོ་མེད་ཤེས་ཐུབ་པ་བྱུང་སྟེ།  དུག་རྫས་སྔོན་འགོག་དང་བཀག་སྡོམ་བྱེད་པའི་སེམས་ཤུགས་ཆེ་རུ་འགྲོ་ཡི་ཡོད་པ་དང་།  དུག་རྫས་འཐེན་རྗེས་ཀྱི་འདྲ་བཟོའི་ཉམས་ལེན་ཁུལ་དུ་གཟིགས་སྐོར་བ་ཚོས་གྲངས་འཛིན་པར་རིས་ལེགས་སྒྲིག་མཉེན་ཆས་བརྒྱུད་དུག་རྫས་འཐེན་རྗེས་ཀྱི་ངོ་གདོང་གི་འགྱུར་བ་མངོན་ཐུབ་ནས།  དུག་རྫས་ཀྱི་ཉེན་ཁ་ཐད་ཀར་ཚོར་ཤེས་ཐུབ་སྟེ་ཉམས་ལེན་པས་དུག་རྫས་ལ་སྔར་བས་ཤེས་རྟོགས་ཐུབ་ཀྱི་ཡོད།  ལྷོ་ཁ་གྲོང་ཁྱེར་གྱི་དུག་རྫས་སྔོན་འགོག་སློབ་གསོའི་རྟེན་གཞི་དེ་ནི་མང་ཚོགས་ལ་རིན་མེད་ངང་སྒོ་དབྱེ་བྱེད་པའི་སྤྱི་ཕན་རང་བཞིན་གྱི་སློབ་གསོའི་རྟེན་གཞི་ཞིག་ཡིན།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]