བོད་དུ་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ས་ཚུགས་བདུན་བསྐྲུན་ཟིན་ནས་གཉེར་སྐྱོང་བྱེད་འགོ་ཚུཌ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-06-07

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན།  སྤྱི་ལོ ༢༠༠༨ ལོ་ནས ༢༠༣༠ ལོའི་བར་བོད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད་ནང་གཏན་འཁེལ་བྱས་པའི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ལས་གཞི་དེ་སྤྱིའི་ཆ་ནས་བསྐྲུན་ཟིན་པ་དང་།  བོད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཀྱི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ས་ཚུགས་དྲ་བ་རགས་ཙམ་བཙུགས་ཟིན་ནས།  བོད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་ཀྱི་ནུས་པར་གདེང་འཇོག་དང་སྐྱེ་ཁམས་བདེ་འཇགས་སྲུང་བཅད་འཛུགས་རྒྱུར་ཕན་འབྲས་ཐོན་པའི་དཔྱད་དཔོག་བྱ་ཆེད་ལག་རྩལ་དང་གྲངས་གཞིའི་འདེགས་སྐྱོར་བྱས་ཡོད།

སྤྱི་ལོ ༢༠༡༨ ལོར་རང་སྐྱོང་ལྗོངས་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱིས་ཇོ་མོ་གླང་མ་དང་།  གནམ་མཚོ།  ཡར་འབྲོག་གཡུ་མཚོ་བཅས་དཔེ་མཚོན་ཁུལ་ཁོངས་ཀྱི་ཁོར་ཡུག་སྤུས་ཚད་ལྟ་ཞིབ་ཚད་ལེན་དང་།  མཚོ་བོད་ལྕགས་ལམ་དང་ལྷ་གཞིས་ལྕགས་ལམ་གཉེར་སྐྱོང་བྱེད་རིང་གི་ཁོར་ཡུག་སྤུས་ཚད་ལྟ་ཞིབ་ཚད་ལེན་བྱས་ཏེ།  རྒྱལ་ཁབ་ཀྱིས་ཚོད་འཛིན་བྱས་པའི་ས་ངོས་ཆུ་དང་ས་ཁུལ་རིམ་པ་ཡན་གྱི་འཐུང་ཆུའི་ཆུ་འགོའི་ཁུལ།  རྒྱལ་ཁབ་ཀྱིས་ཚོད་འཛིན་བྱས་པའི་སྦགས་བཙོག་ཡོང་ཁུངས་བཅས་ལ་ལྟ་སྐུལ་རང་བཞིན་གྱི་ལྟ་ཞིབ་ཚད་ལེན་བྱས་ནས་ལོ་འཁོར་མོར་རིགས་ཁག་གི་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི ༨༣༥༠༠ འཚོལ་བསྡུ་ཐུབ་ཡོད།

རང་སྐྱོང་ལྗོངས་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ལྟེ་གནས་ཁུལ་དང་བབ་བསྟུན་ལྟ་ཞིབ་ཚད་ལེན་ཁང་གི་ཀྲུའུ་རེན་ཅིད་ལེ་ནས།  ཤན་རྩྭ་དང་།  ལྷོ་ཁ།  ཉིང་ཁྲི།  ཆབ་མདོ།  དིང་རི།  གཞིས་རྩེ།  ནག་ཆུ་བཅས་སུ་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ས་ཚུགས་བདུན་བསྐྲུན་ཟིན་ནས་གཉེར་སྐྱོང་བྱེད་ཀྱི་ཡོད་པ་དང་།  མངའ་རིས་དང་སྒེར་རྩེ།  སྨར་ཁམས་བཅས་ཀྱི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ས་ཚུགས་གསུམ་ད་ལྟ་འཛུགས་སྐྲུན་བྱེད་བཞིན་ཡོད།  སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱིས་ཁོར་ཡུག་ལྟ་སྡོམ་གྱི་ནུས་པ་གང་ཡོད་བཏོན་ནས།  བོད་ཀྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་བཟང་པོ་རྒྱུན་འཁྱོངས་བྱ་ཆེད་ཚན་རིག་དང་མཐུན་པའི་འདེགས་སྐྱོར་མཁོ་འདོན་བྱེད་རྒྱུ་རེད་ཅེས་གསུངས།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]