གཞིས་རྩེས་རང་འགུལ་གནམ་གཤིས་ཚད་ལེན་ས་ཚིཌ་བཙུཌ་ནས་དབུལ་སྐྱོར་གནད་ཕིགས་ལས་ཀར་སྐུལ་སྤེལ་གཏོང་རྒྱུ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-06-08

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  གཞིས་རྩེ་གྲོང་ཁྱེར་གནམ་གཤིས་ཅུས་དང་གཞིས་རྩེ་གྲོང་ཁྱེར་དབུལ་སྐྱོར་གཞུང་ལས་ཁང་གིས་མཉམ་འབྲེལ་ཐོག  གཞིས་རྩེ་གྲོང་ཁྱེར་དུ་གནམ་གཤིས་གནོད་འཚེ་ལྟ་ཞིབ་ཚད་ལེན་བྱས་ནས།  དབུལ་སྐྱོར་གནད་འཕིགས་ལ་རོགས་རམ་བྱེད་པའི་རང་འགུལ་གནམ་གཤིས་ས་ཚིགས་ཤང་༼ གྲོང་རྡལ ༽ཁག་ཏུ་ཁྱབ་པར་བྱ་རྒྱུའི་འཛུགས་སྐྲུན་ལས་ཀའི་ཇུས་གཞི་པར་འགྲེམས་བྱས་ཏེ།  ལོ་གཉིས་ནང་གྲོང་ཁྱེར་དེ་ཡོངས་སུ་རང་འགུལ་གནམ་གཤིས་ས་ཚིགས་ཤང་༼ གྲོང་རྡལ ༽ཁག་ཏུ་ཁྱབ་པར་བྱེད་རྩིས་ཡོད་པ་མ་ཟད།  རང་འགུལ་གནམ་གཤིས་ས་ཚིགས་འཛུགས་རྒྱུ་དེ་གོ་སྐབས་སུ་རྩིས་ཏེ་གནམ་གཤིས་གནོད་འཚེ་ལྟ་ཞིབ་ཚད་ལེན་བྱས་ནས།  དབུལ་སྐྱོར་གནད་འཕིགས་ལ་རོགས་རམ་བྱེད་པའི་ལས་ཀར་སྐུལ་སྤེལ་གཏོང་རྒྱུ་རེད།

ཤེས་རྟོགས་བྱས་པར་གཞིགས་ན།  རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་ཁྲི་ཚོ ༧༣༨.༡༤ བཏང་པ་དང་ལོ་གཉིས་ནང་གནམ་གཤིས་ས་ཚིགས ༡༦༧ གསར་སྐྲུན་བྱས་ཏེ།  སྤྱི་ལོ ༢༠༢༠ ལོའི་ལོ་མཇུག་ཏུ་གཞིས་རྩེ་གྲོང་ཁྱེར་གྱི་ཤང་༼ གྲོང་རྡལ ༽ཁག་ཏུ་རང་འགུལ་གནམ་གཤིས་ས་ཚིགས ༢༠༢ ཁྱབ་ཐུབ་པ་བྱེད་རྒྱུ་རེད།  རྣམ་གྲངས་འཛུགས་སྐྲུན་ཟིན་རྗེས་གཞིས་རྩེ་གྲོང་ཁྱེར་དུ་གནམ་གཤིས་གནོད་འཚེ་ལྟ་ཞིབ་ཚད་ལེན་ས་ཚིགས་དྲ་བ་ཁྱབ་ཚད་དང་རྒྱ་ཁྱོན་ཆེ་རུ་ཕྱིན་ནས།  གནམ་གཤིས་གནོད་འཚེའི་གྱོང་གུན་དང་གནོད་འཚེས་རྐྱེན་པས་དབུལ་པོ་ཆགས་ཚད།  གནོད་འཚེས་རྐྱེན་པས་དབུལ་ལོག་ཐེབས་ཚད་བཅས་དམའ་རུ་འགྲོ་རྒྱུ་དང་།  གྲོང་ཁྱེར་དེ་ཡོངས་སུ་གཞི་རིམ་གནམ་གཤིས་ཞབས་ཞུའི་འགན་སྲུང་ནུས་པ་དང་གནོད་འགོག་གེགས་སེལ་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་ཕྱིན་ཏེ།  གནམ་གཤིས་ཚན་པས་ས་གནས་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་བདེ་འཁོད།  དབུལ་གྲོལ་འགག་སྒྲོལ་ལས་དོན་ཁྲོད་དུ་འདེགས་སྐྱོར་འགན་སྲུང་ནུས་པ་འདོན་སྤེལ་ཐུབ་རྒྱུ་རེད།  དེ་དང་ཆབས་ཅིག་རང་འགུལ་གནམ་གཤིས་ས་ཚིགས་འཛུགས་སྐྲུན་བརྒྱུད་རིམ་ཁྲོད།  གཞིས་རྩེ་གྲོང་ཁྱེར་གནམ་གཤིས་ཅུས་དང་གྲོང་ཁྱེར་དབུལ་སྐྱོར་གཞུང་ལས་ཁང་གིས་དམིགས་གསལ་གཏན་འཁེལ་བྱས་པའི་དབུལ་ཕོངས་དུད་ཚང་གི་རོགས་སྐྱོར་གནད་འཕིགས་ལ་དམིགས་ཏེ།  གྲོང་ཚོར་གནས་གཏན་འཁེལ་བཟོས་ནས་དབུལ་ཕོངས་དུད་ཚང་ལ་རང་འགུལ་གནམ་གཤིས་ས་ཚིགས་ཀྱི་སྲུང་སྐྱོང་དང་ལྟ་སྐྱོང་ལས་འགན།  འབྲེལ་ཡོད་རྩལ་ནུས་སྦྱོང་བརྡར་སྤྲད་དེ།  གཏན་འཁེལ་བཟོས་པའི་དབུལ་ཕོངས་མང་ཚོགས་ཀྱི་འབབ་ཁུངས་རྒྱ་ཆེར་གཏོང་བ་དང་དབུལ་ཕོངས་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བ་བྱས་ཏེ།  གནམ་གཤིས་ལས་ཀས་དབུལ་སྐྱོར་གནད་ཕིགས་ཐད་འདེགས་སྐྱོར་འདོན་སྤེལ་ཐུབ་པ་བྱེད་རྒྱུ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]