ནང་སའི་བོད་རིགས་སློབ་མ་ཚེ་རིང་ལྷ་མཚོས་ཧྲང་ཧེ་ཡི་ཨ་མ་ཀུའུ་ལེའུ་ཧྭ་ཡི་ཁྱིམ་དུ་སྣོན་ཟླའི་དུས་ཆེན་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-06-09

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉིན་གོང་མར་ཧྲང་ཧེ་ཡི་ཨ་མ་ཀུའུ་ལེའུ་ཧྭ་ཡིས་ཁ་པར་བརྒྱབ་ནས་ཚེ་རིང་ལྷ་མཚོ་རང་ཁྱིམ་དུ་ཡོང་ནས་གཉེན་སྦྲེལ་གྱི་གཅུང་མོ་ཞུས་ཧྥན་ཉི་དང་མཉམ་དུ་ཙུང་ཙེ་བཟོས་ཏེ་སྣོན་ཟླའི་དུས་ཆེན་གཏོང་བར་མགྲོན་བོས་བྱས་པ་ལྟར།  སྤྱི་ཟླ ༦ ཚེས ༧ ཉིན་ཏེ་སྣོན་ཟླའི་ཚེས་ལྔ་ཉིན་གྱི་ཞོགས་པ་ལོ་བཅུ་གསུམ་ལ་སླེབས་པའི་བུ་མོ་ཚེ་རིང་ལྷ་མཚོས་ལུས་ལ་བོད་ཆས་གྱོན་ཏེ་ཧྲང་ཧེ་ཡི་ཨ་མ་ཀུའུ་ལེའུ་ཧྭ་ཡི་ཁྱིམ་དུ་སྐྱོད་པ་རེད།
ཚེ་རིང་ལྷ་མཚོ་ནི་གཞིས་རྩེ་ནས་ཡིན་པ་དང་།  སྤྱི་ལོ ༢༠༡༨ ལོའི་ཟླ ༦ པར་ཕུལ་བྱུང་གྱི་སྦྱང་འབྲས་ཐོག་ནས་ཧྲང་ཧེ་གྲོང་ཁྱེར་ཀུན་ཁམས་སློབ་འབྲིང་ལ་རྒྱུགས་འཕྲོད་པ་རེད།  སློབ་གྲྭ་དེར་ད་ཆ་བོད་རིགས་སློབ་མ ༦༣༠ ཡོད་པ་དང་རྒྱལ་ནང་གི་ནང་སའི་བོད་ལྗོངས་འཛིན་གྲྭ་ཆེ་ཤོས་ཀྱི་གྲས་ཤིག་ཡིན།  
སློབ་སྤྱི་ལིས་ཅིན་གྱིས་གསར་འགོད་པར།  ང་ཚོའི་སློབ་གྲྭ་ནི་དམའ་རིམ་སློབ་འབྲིང་ཞིག་ཡིན་པས་བོད་ཀྱི་ཕྲུ་གུ་ཚོ་ལོ་ན་ཆུང་བའི་ཁར་ཕ་ཡུལ་ཡང་ས་ཐག་རིང་པོ་ཡོད་པས།  ཁོང་ཚོར་ཁྱིམ་ལྟ་བུའི་དྲོ་སྐྱིད་ཞིག་མྱོང་ཚོར་ཐུབ་པ་བྱེད་ཆེད་སློབ་ཁྲིད་ཡག་པོ་དང་གཅེས་སྐྱོང་ཡག་པོ་བྱེད་པ་ཕུད།  ད་དུང་ཧྲང་ཧེ་ལ་ཡང་ངའི་ཁྱིམ་ཡོད་ཅེས་པའི་བྱེད་སྒོ་སྤེལ་ནས་སྤུན་ཟླའི་སློབ་གྲྭ་དྲུག་གི་སློབ་མ་དང་གཉེན་སྦྲེལ་བྱས་ཏེ་ཕྲུ་གུ་རྣམས་ཧྲང་ཧེ་རུ་ཁྱིམ་ཚང་གི་འཚོ་བའི་ནང་མཉམ་འདྲེས་ཡོང་བ་བྱས་པས།  ཁོང་ཚོར་ཧྲང་ཧེ་ཡི་གཅེན་གཅུང་ཡོད་པ་མ་ཟད་ཧྲང་ཧེ་རུ་ཡང་ཕ་མ་ཡོད་ཅེས་བཤད་པ་རེད། 
སྤྱི་ལོ ༢༠༡༨ ལོའི་ཟླ ༡༢ ཉིན་སྤེལ་བའི་གཉེན་སྦྲེལ་བྱེད་སྒོའི་ནང་ཚེ་རིང་ལྷ་མཚོས་ཤིན་ཀྲུང་དམའ་རིམ་སློབ་འབྲིང་གི་ལོ་རིམ་དང་པོའི་སློབ་མ་ཞུས་ཧྥན་ཉི་དང་ལག་གདང་སྦྲེལ་ཏེ་གཅེན་གཅུང་ལ་གྱུར་ཞིང་།  ཀུའུ་ལེའུ་ཧྭ་ལ་བོད་ནས་ཡོང་བའི་ཕྲུ་གུ་བུ་མོ་ཞིག་བྱུང་བ་ནས་བཟུང་ཁྱིམ་དེར་བརྩེ་བ་དང་དྲོ་སྐྱིད་ཀྱིས་ཁེངས་ཡོད། 
གསར་འགོད་པས་ཚེ་རིང་ལྷ་མཚོ་ལ་ནང་མི་དྲན་གྱི་འདུག་གམ་ཞེས་འདྲི་སྐབས་ཁོ་མོས་མཚམས་རེ་དྲན་གྱི་འདུག  འོན་ཀྱང་དགེ་རྒན་ཚོས་ཕ་མ་གཉིས་དང་འདྲ་བར་ང་ཚོར་ལྟ་སྐྱོང་ཡག་པོ་གནང་གི་འདུག་ཅེས་བཤད་པ་རེད།  དགུང་ཟས་ཀྱི་སྐབས་སུ་ཚེ་རིང་ལྷ་མཚོའི་ཕ་མས་བརྙན་ལམ་བརྒྱུད་དེ་ཕན་ཚུན་དབར་དུས་ཆེན་གྱི་སྨོན་འདུན་ཞུ་རེས་བྱས་པ་དང་།  ཁྱིམ་ཚང་གཉིས་པོ་ཕན་ཚུན་རི་ཀླུང་ཁྲི་སྟོང་མང་པོ་ཆོད་ཀྱང་སྒྲོག་ཙེ་གཅིག་གི་སྟེང་དུ་མཉམ་འཛོམས་བྱུང་བ་ལྟར་དུས་ཆེན་གྱི་སྤྲོ་སྣང་ལ་མཉམ་སྤྱོད་བྱས་པ་རེད།།
 

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]