སྤྱི་ཚེས༡༠ཉིན་ནས་བཟུང་རང་ལྗོངས་སུ་ཁེ་ལས་ཀྱི་དངུལ་ཁང་ཐོ་ཁུངས་རྩིས་ཐོའི་ཆོག་འཐུས་སྒོ་ཀུན་ནས་མེད་པ་བཟོ་རྒྱུ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-06-10

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཡན་ལག་དངུལ་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན།  སྤྱི་ཟླ ༦ ཚེས ༡༠ ཉིན་ནས་བཟུང་རང་ལྗོངས་སུ་ཁེ་ལས་ཀྱི་དངུལ་ཁང་ཐོ་ཁུངས་རྩིས་ཐོའི་ཆོག་འཐུས་སྒོ་ཀུན་ནས་མེད་པ་བཟོ་རྒྱུ་རེད།

ཁེ་ལས་ཀྱི་དངུལ་ཁང་ཐོ་ཁུངས་རྩིས་ཐོའི་ཆོག་འཐུས་མེད་པ་བཟོ་རྒྱུ་ནི་རང་ལྗོངས་ཀྱི་གློད་བསྡོམས་ཞབས་གསུམ་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་།  ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ།  དམངས་གཉེར་དང་ཁེ་ལས་ཆུང་གྲས་ཀྱི་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་པ་བཅས་ཀྱི་བྱ་ཐབས་གལ་ཆེན་ཞིག་རེད།  ཁེ་ལས་ཀྱི་དངུལ་ཁང་ཐོ་ཁུངས་རྩིས་ཐོ་ཆོག་འཐུས་མེད་པ་བཟོས་རྗེས་ཁེ་ལས་ནས་དངུལ་ཁང་གི་མཐའ་སྣེ་གཅིག་བརྒྱུད་དངུལ་བཅོལ་ཐོ་ཁུངས་འཛུགས་པའི་ལས་སྒོ་ཐ་དག་ལེགས་སྒྲུབ་ཐུབ་རྒྱུ་ཡིན་པ་དེས།  ཁྲོམ་རའི་བྱེད་པོའི་གསོན་ཤུགས་འཕེལ་རྒྱུ་མ་ཟད་བོད་ཀྱི་དཔལ་འབྱོར་མྱུར་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཐེབས་རྒྱུ་རེད། 
འགན་འཁུར་བས་ངོ་སྤྲོད་གནང་བར་གཞིགས་ན།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ནང་ཁྲིམས་ལྟར་བཙུགས་པའི་ཁེ་ལས་ཀྱི་ཁྲིམས་མི་དང་ཁྲིམས་མི་མེད་པའི་ཁེ་ལས།  ཁེར་རྐྱང་བཟོ་ཚོང་ཚོང་དུད་བཅས་ཀྱིས་བོད་ལྗོངས་མངའ་ཁོངས་ནང་གི་དངུལ་ཁང་དུ་གཞི་རྩའི་བཅོལ་དངུལ་རྩིས་ཐོ་དང་གནས་སྐབས་བཅོལ་དངུལ་གྱི་རྩིས་ཐོ་གསར་དུ་གཉེར་བ་དང་འགྱུར་ལྡོག་གཏོང་བ།  མེད་པ་བཟོ་བ་བཅས་བྱས་ཚེ་ཞིབ་དཔྱད་ཆོག་མཆན་ལམ་ལུགས་དེ་ཐོ་འགོད་ལམ་ལུགས་ལ་འགྱུར་རྒྱུ་དང་།  མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཡན་ལག་དངུལ་ཁང་གིས་དངུལ་བཅོལ་ཐོ་ཁུངས་འཛུགས་པའི་ཆོག་འཐུས་ལག་ཁྱེར་དཔྱད་སྤྲོད་བྱེད་རྒྱུ་མིན་པས།  དངུལ་བཅོལ་ཐོ་ཁུངས་འཛུགས་པའི་ལས་ཆོད་དང་མ་དངུལ་འཁོར་རྒྱུག་གི་ལས་ཆོད་སྔར་བས་མཐོ་རུ་འགྲོ་རྒྱུ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]