ལོ་ངོ་༡༥ཡི་ནང་རང་ལྗོངས་སུ་ནགས་ཚལ་ཁྱབ་ཚད་ལྡབ་གཅིག་འཕར།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-06-11

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༩ ཉིན།  མི་དམངས་ཉིན་རེའི་ཚགས་པར་ཐོག་གི་བརྗིད་ཆེའི་ལོ་ངོ་ ༧༠ དུས་རབས་གསར་པར་འབད་འབུངས་བྱས་ཏེ་རྒྱུ་སྤུས་ལེགས་པའི་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བར་བརྟག་པ་ཞེས་པའི་ཆེད་སྒྲིག་པར་ངོས་ནང་།  ལོ་ངོ་ ༡༥ ཡི་ཚུན་ནགས་ཚལ་ཁྱབ་ཚད་ལྡབ་གཅིག་འཕར་ནས་སྔོ་ལྗང་གི་བོད་ལྗོངས་གཏོད་ཅེས་པའི་རྩོམ་ཡིག་ཅིག་བཀོད་ཡོད།
རྩོམ་ཡིག་ནང་། ལྷ་ས་སྐྱིད་ཆུའི་ལྷོ་ངོགས་གནས་པའི་སྟར་སྡོང་གྲོང་ཚོས་ལོ་བཅུ་ཙམ་རིང་གཞི་ཁྱོན་ཆེ་བའི་ཤིང་འཛུགས་ནགས་བཟོ་བྱས་པ་བརྒྱུད།  དེ་སྔ་ལོ་གཅིག་ནང་བྱེ་རླུང་གི་གནམ་གཤིས་ཟླ་བ་གཉིས་གསུམ་ཙམ་བསྟན་གྱི་ཡོད་པ་མ་ཟད།  བྱེ་རླུང་གིས་མིག་ཀྱང་གདངས་མི་ཐུབ་པ་ནས་ད་ཆ་གང་སར་ཁམ་བུའི་མེ་ཏོག་བཞད་ཅིང་དྭངས་གཙང་ཆུ་མོ་དང་།  རྩྭ་དང་རྩི་ཤིང་སྔོ་ལྗང་ཅན་གྱིས་ཁེངས་ཏེ་སྐྱེ་ཁམས་སྤྲོ་གསེང་ཡུལ་སྐོར་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་འགྲོ་བའི་བར་འཕོ་འགྱུར་ཆེན་པོ་བྱུང་ཚུལ་ངོ་སྤྲོད་བྱས་ཡོད།  རང་སྐྱོང་ལྗོངས་ཀྱིས་རྒྱུན་ཆད་མེད་པར་སྐྱེ་ཁམས་བདེ་འཇགས་སྲུང་བཅད་དང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་བ།  ལྷ་ས་གྲོང་ཁྱེར་དང་གཞིས་རྩེ་གྲོང་ཁྱེར།  ལྷོ་ཁ་གྲོང་ཁྱེར་སོགས་ཀྱི་ལུང་གཞུང་དུ་བྱེ་བཅོས་རླུང་འགོག་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།  ལྗོངས་ཡོངས་སུ་ནགས་ཚལ་ཁེབས་ཚད་དེ་ཡང་སྤྱི་ལོ ༢༠༠༣ ལོའི་བརྒྱ་ཆ ༥.༩༣ ནས་སྤྱི་ལོ ༢༠༡༨ ལོའི་བརྒྱ་ཆ ༡༢.༡༤ བར་མཐོ་རུ་ཕྱིན་ནས་རང་ལྗོངས་སྔོ་ལྗང་ཅན་གྱི་རྒྱ་ཁྱོན་རྒྱུན་མཐུད་ཆེ་རུ་འགྲོ་བཞིན་ཡོད་ཅེས་འཁོད་ཡོད། 
རྩོམ་ཡིག་ནང་། རང་སྐྱོང་ལྗོངས་ཀྱིས་རྒྱལ་ཁོངས་སྔོ་ལྗང་ཅན་དུ་འགྱུར་རྒྱུར་རྒྱུན་མཐུད་སྐུལ་འདེད་བཏང་ནས།  གཙང་པོ་གཉིས་དང་ཆུ་བོ་བཞིའི་རྒྱུག་ཁུལ་དུ་ནགས་བཟོ་སྔོ་ལྗང་ལས་གཞི་ལག་བསྟར་གཏིང་ཟབ་བྱས་ཏེ།  སྐྱེ་ཁམས་དཔེ་སྟོན་འཛུགས་སྐྱོང་གཏིང་ཟབ་ཏུ་གཏོང་བ་དང་ཆབས་ཅིག་སྐྱེ་ཁམས་ཁྱབ་ཁོངས་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ།  མ་དངུལ་གཏོང་འཇོག་གི་འཕར་ཚད་བརྒྱ་ཆ ༢༠ ཡན་ཟིན་རྒྱུ་འགན་སྲུང་བྱེད་པ་བརྒྱུད།  གངས་ལྗོངས་ས་མཐོའི་ས་གཙང་སྲུང་སྐྱོང་ཡག་པོ་བྱས་ཏེ་སྤུས་ལེགས་གོང་འཕེལ་འགྲོ་ཐུབ་པ་བྱེད་རྒྱུ་རེད་ཅེས་འཁོད་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]