ད་ལོར་མཐོ་རིམ་སློབ་འབྲིང་ཐོན་པའི་རང་ལྗོངས་ཀྱི་སློབ་མས་སྤྱི་ཟླ༦པའི་ཚེས༢༦ནས་སྤྱི་ཟླ༧པའི་ཚེས༡ཉིན་བར་སློབ་ཆེན་ལ་མིང་ཐོ་འགོད་ཆོག

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-06-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

མཐོ་རིམ་སློབ་འབྲིང་སློབ་ཐོན་སློབ་མ་ཚོ་སློབ་ཆེན་དུ་མིང་ཐོ་འགོད་རྒྱུར་སྟབས་བདེ་སྐྲུན་ནས་ཁོང་ཚོའི་སེམས་ཁམས་ཀྱི་གནོན་ཤུགས་ཆུང་དུ་གཏོང་ཆེད།  ད་ལོ་རང་སྐྱོང་ལྗོངས་ཀྱིས་སྤྱིར་བཏང་སློབ་ཆེན་དུ་སློབ་མ་བསྡུ་བའི་ཁྲོད་མཉམ་བཞག་རེ་འདུན་གྱི་བྱ་ཐབས་བཟུང་རྒྱུ་རེད།  སློབ་ཆེན་ལ་མིང་ཐོ་འགོད་པའི་དུས་ཚོད་དེ་མཐོ་རྒྱུགས་ཀྱི་སྐར་གྲངས་དང་སློབ་བསྡུའི་སྐར་གྲངས་དམའ་ཤོས་ཡོངས་བསྒྲགས་བྱས་རྗེས་གཏན་འཁེལ་བྱེད་རྒྱུ་ཡིན་པས།  མཐོ་རིམ་སློབ་འབྲིང་ཐོན་པའི་རང་ལྗོངས་ཀྱི་སློབ་མས་སྤྱི་ཟླ ༦ པའི་ཚེས ༢༦ ནས་སྤྱི་ཟླ ༧ པའི་ཚེས ༡ ཉིན་བར་སློབ་ཆེན་ལ་རང་འདོད་བཞིན་མིང་ཐོ་འགོད་ཆོག་གི་ཡོད།

ཤེས་རྟོགས་བྱས་པར་གཞིགས་ན།  སློབ་ཆེན་ལ་མིང་ཐོ་འགོད་པའི་ཐད་དངོས་གཞིའི་ཚན་ཁག་དང་ཆེད་ལས་ཚན་ཁག་ཏུ་སློབ་མ་སྔོན་ལ་བསྡུ་བའི་ཐེངས་ཁག་དང་།  དངོས་གཞིའི་ཚན་ཁག་ཏུ་སློབ་མ་བསྡུ་བའི་ཐེངས་ཁག  དངོས་གཞིའི་ཚན་ཁག་དང་མཐོ་རིམ་ལས་རིགས་སམ་ཆེད་ལས་ཚན་ཁག་ཏུ་སློབ་མ་བསྡུ་བའི་ཐེངས་ཁག་བཅས་ཁག་གསུམ་ལ་དབྱེ་རྒྱུ་ཡིན་ཞིང་།  སློབ་མ་སྔོན་ལ་བསྡུ་བའི་ཐད་སྲོལ་རྒྱུན་གྱི་མིང་ཐོ་འགོད་སྟངས་སྤྱོད་རྒྱུ་ཡིན་པ་དང་།  ཐེངས་ཁག་རེར་སློབ་ཆེན་གསུམ་ལ་མིང་ཐོ་འགོད་ཆོག་གི་ཡོད་པ་མ་ཟད་སློབ་གྲྭ་རེ་ནས་ཆེད་ལས་བཞི་བདམས་ཆོག་གི་ཡོད་པའི་ཁར་སྙོམས་སྒྲིག་དང་ལེན་ཡང་ཞུ་ཆོག་གི་ཡོད།  གཞན་ཡང་།  སློབ་མ་སྔོན་ལ་བསྡུ་མཁན་སློབ་ཆེན་གྲས་སུ་དཔུང་སྡེའི་སློབ་གླིང་ནས་ཧྲེ་ཀོན་དམག་དཔོན་ཆེད་ལས་ཏུ་སློབ་མ་བསྡུ་རྒྱུ་དང་།  སྤྱི་བདེའི་སློབ་གླིང་དང་ཁྲིམས་འཛིན་ཉེན་རྟོག་དཔོན་སློབ་གླིང་།  སྲིད་ཁྲིམས་སློབ་གླིང་བཅས་ཀྱིས་མྱུལ་ཞིབ་དང་བདེ་འཇགས་དོ་དམ།  ཉེས་དོན་ཁྲིམས་འཛིན།  སྤྱི་བདེ་སོགས་ཆེད་ལས་སུ་སློབ་མ་བསྡུ་རྒྱུ།  མཚོ་འགྲུལ་རིགས་ཀྱི་སློབ་ཆེན་གྱིས་འབྲེལ་ཡོད་ཆེད་ལས་སུ་སློབ་མ་བསྡུ་རྒྱུ།  པེ་ཅིང་སློབ་ཆེན་དང་ཆིང་ཧྭ་སློབ་ཆེན།  ཧྥུ་ཏན་སློབ་ཆེན།  སློབ་གསོ་པུའི་ཁོངས་གཏོགས་དགེ་འོས་སློབ་གླིང་བཅས་ཀྱིས་དགེ་འོས་རིགས་ཀྱི་ཆེད་ལས་སུ་སློབ་མ་བསྡུ་རྒྱུ་དང་།  པེ་ཅིང་གློག་རྡུལ་ཚན་རྩལ་སློབ་གླིང་ནས་འབྲེལ་ཡོད་ཆེད་ལས་སུ་སློབ་མ་བསྡུ་རྒྱུ།  ལྗོངས་ནང་ཁུལ་གྱི་སློབ་ཆེན་གྱིས་དགེ་འོས་ཆེད་ལས་སུ་སློབ་མ་བསྡུ་རྒྱུ།  རྒྱལ་ཁབ་ཀྱི་དམིགས་འཛུགས་འཆར་གཞིའི་སློབ་ཆེན་གྱིས་འབྲེལ་ཡོད་ཆེད་ལས་སུ་སློབ་མ་བསྡུ་རྒྱུ།  ས་གནས་དམིགས་འཛུགས་འཆར་གཞིའི་སློབ་གླིང་གིས་འབྲེལ་ཡོད་ཆེད་ལས་སུ་སློབ་མ་བསྡུ་རྒྱུ།  རོལ་དབྱངས་དང་མཛེས་རྩལ།  ཞབས་བྲོ།  ལུས་རྩལ་བཅས་རིགས་ཀྱི་ཆེད་ལས་དང་དེ་མིན་སྒྱུ་རྩལ་དང་ལུས་རྩལ་རིགས་ཀྱི་སློབ་བསྡུའི་སྐར་གྲངས་ལོན་པའི་ཆེད་ལས་སུ་སློབ་མ་བསྡུ་རྒྱུ་བཅས་ཚུད་ཡོད་པས།  སློབ་མ་ཚོས་སྔོན་ལ་སློབ་མ་བསྡུ་བའི་རེ་འདུན་འགོད་སྐབས་རིགས་དང་པོའི་སློབ་ཆེན་གྱི་ཆེད་ལས་གཅིག་ལས་མིང་ཐོ་འགོད་ཆོག་གི་མེད་པ་དང་།  བོད་ནས་སློབ་མ་བསྡུ་མཁན་ཀྲུང་དབྱང་པུའུ་ཨུད་ཁག་གི་ཁོངས་གཏོགས་སློབ་གླིང་ལ་མིང་ཐོ་འགོད་པའི་ཐད་རྩ་དོན་ཐོག་ནས་ཚད་བཀག་བཟོས་ཡོད།

རེ་འདུན་འགོད་སྐབས།  སློབ་མ་ཚོས་མིང་ཐོ་འགོད་ཨང་དང་གསང་བའི་ཨང་རྟགས་བརྒྱུད་དྲ་ཐོག་ནས་མིང་ཐོ་འགོད་དགོས་ཀྱི་ཡོད།  རྒྱལ་ཡོངས་ཁྱབ་ཁོངས་ནང་སློབ་མ་བསྡུ་སྐབས་རང་ལྗོངས་ལ་ཁེར་རྐྱང་སློབ་བསྡུའི་འཆར་གཞི་སྤྲད་མེད་པའི་ལྗོངས་ཕྱིའི་སྤྱིར་བཏང་སློབ་ཆེན་གྱི་སྒྱུ་རྩལ་ཆེད་ལས་ལ་མིང་ཐོ་འགོད་མཁན་སློབ་མས།  སྔོན་ལ་སློབ་མ་བསྡུ་བའི་མིང་ཐོ་འགོད་དགོས་པ་མ་ཟད་རང་སྐྱོང་ལྗོངས་སློབ་བསྡུ་གཞུང་ལས་ཁང་ལ་ཆེད་ལས་ཐད་ཀྱི་ཁ་སྣོན་སྦྱངས་འབྲས་ཚད་ལོན་ལག་ཁྱེར་དང་།  རེ་འདུན་འགོད་ཡུལ་སློབ་གྲྭའི་འབྲེལ་གཏུགས་བྱེད་སྟངས་སོགས་ཀྱི་དཔྱད་གཞི་མཁོ་འདོན་བྱེད་དགོས་ཀྱི་ཡོད།

རང་སྐྱོང་ལྗོངས་སློབ་བསྡུ་གཞུང་ལས་ཁང་གིས་སློབ་མ་བསྡུ་མཁན་སློབ་ཆེན་གྱི་འཆར་གཞི་ལེགས་གྲུབ་བྱས་ཚུལ་དང་སློབ་བསྡུ་ལས་ཀའི་འཕེལ་རིམ་བཀོད་སྒྲིག་ལ་གཞིགས་ནས།  སློབ་མ་བསྡུ་མཁན་སློབ་ཆེན་དུ་སློབ་མ་བསྡུ་གྲངས་མི་འདེང་བའི་གནས་ཚུལ་དེ་བོད་རང་སྐྱོང་ལྗོངས་སློབ་གསོ་ཡིག་རྒྱུགས་ཁག་གི་དྲ་ཚིགས་ཐོག་ཡོངས་བསྒྲགས་བྱེད་རྒྱུ་རེད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]