མངའ་རིས་ས་ཁུལ་གྱི་སྒར་སོགས་རྫོང་བཞི་དབུལ་ཞྭ་ཕུད་ཐུབ་ཡོད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-06-26

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་བའི་ལོ་གསུམ་ནང་མངའ་རིས་ས་ཁུལ་གྱི་གྲོང་ཚོ ༨༥ དུད་ཚང་ ༤༤༡༨ ཀྱི་མི ༡༦༠༠༠ དབུལ་གྲོལ་ཐུབ་པ་དང་སྒར་སོགས་རྫོང་བཞི་དབུལ་ཞྭ་ཕུད་ཐུབ་པ་བྱུང་ཡོད། 
དབུལ་གྲོལ་གྱི་མྱུར་ཚད་མགྱོགས་སུ་གཏོང་ཆེད།  ལོ་ལྔ་ཚན་བཅུ་གསུམ་པའི་རིང་མངའ་རིས་ས་ཁུལ་གྱིས་ཐོན་ལས་དབུལ་སྐྱོར་རྣམ་གྲངས ༨༨ འཆར་འགོད་བྱས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར ༡༤ ལྷག་ཙམ་བཏང་ཡོད།  ད་བར་དམངས་ཕྱུག་ཐོན་ལས་ལ་བརྟེན་ནས་མི ༤༠༠༠ ལྷག་ཙམ་དབུལ་གྲོལ་བྱུང་བ་དང་མི ༡༤༠༠༠ ལྷག་ཙམ་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་ཐུབ་པ་དང་ཆབས་ཅིག  གནས་སྤོས་དབུལ་སྐྱོར་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་།  ཁ་གཏད་རོགས་སྐྱོར།  རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཐད་མ་འཇོག་བྱེད་ཤུགས་དང་སྐུལ་འདེད་གཏོང་ཤུགས་ཆེ་རུ་བཏང་ཡོད། 
དཔྱད་གཞིའི་ཐོག་ནས་མངོན་པར་གཞིགས་ན།  ཉེ་བའི་ལོའི་གསུམ་ནང་མངའ་རིས་ས་ཁུལ་གྱིས་མ་དངུལ་སྒོར་དུང་ཕྱུར ༩.༧ བཏང་ནས་གནས་སྤོས་ས་ཚིགས ༣༠ བསྐྲུན་པར་དུད་ཚང་ ༢༠༨༡ གི་མི ༧༧༤༢ གནས་སྤོ་ཐུབ་པ་དང་།  སྐྱེ་ཁམས་ལས་གནས་ཀྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར ༢.༦༨ སྤྲད་ནས་རིགས་ཁག་གི་ཆེད་བསྐོས་དང་གཅིག་ལྕོགས་ཀྱི་སྐྱེ་ཁམས་ཁ་གསབ་ལས་གནས་ཁྲི ༣ ལྷག་ཙམ་དོན་འཁྱོལ་བྱས་པ།  ཟན་ཤིའི་ཞིང་ཆེན་དང་ཧོ་པེ་ཞིང་ཆེན་གྱི་བོད་སྐྱོར་དབུལ་སྐྱོར་རྣམ་གྲངས ༣༧ དང་ཀྲུང་དབྱང་ཁེ་ལས་ཀྱི་བོད་སྐྱོར་དབུལ་སྐྱོར་རྣམ་གྲངས ༣༤ བརྩོན་ལེན་བྱས་པ་དང་།  ཏང་ཡོན་ལས་བྱེད་པ ༡༤༠༠༠ ཡིས་དབུལ་ཕོངས་མང་ཚོགས ༢༢༦༠༠ གཉེན་སྦྲེལ་རོགས་སྐྱོར་བྱས་པ།  ས་ཞིང་དང་རྩྭ་རའི་ཆུ་འདྲེན་རྒྱ་ཁྱོན་མུའུ་ཁྲི་ཚོ ༡༨ ལྷག་ཙམ་གསར་སྣོན་དང་ཡང་ན་ལེགས་བཅོས་བྱས་པ།  གྲོང་གསེབ་ཀྱི་གློག་དྲ་སྤྱི་ལེ ༢༦༨༠ གསར་སྐྲུན་དང་བསྒྱུར་བཟོ་བྱས་པ།  རིང་ཚད་སྤྱི་ལེ ༧༣༢༣ ཟིན་པའི་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས ༣༡༠ ལག་བསྟར་བྱས་པ་བཅས་རེད། 
དབུལ་གྲོལ་གྱི་གྲུབ་འབྲས་སྲ་བརྟན་མཐོར་གཏོང་བྱ་ཆེད།  མངའ་རིས་ས་ཁུལ་གྱིས་ད་དུང་སློབ་གསོ་དང་སྨན་བཅོས།  ལས་ཞུགས།  མ་མཐའི་འཚོ་བའི་འགན་སྲུང་སོགས་དམངས་འཚོའི་ཁྱབ་ཁོངས་ཐད་འགན་སྲུང་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ།  གཞི་རིམ་དང་དམངས་འཚོའི་ཁྱབ་ཁོངས་ཐད་བརྒྱ་ཆ ༩༠ ཡན་གྱི་ནོར་སྲིད་མ་དངུལ་འཕར་གཟིགས་བྱས་པས།  དབུལ་གྲོལ་འགག་སྒྲོལ་ཐད་དོན་དངོས་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་ཐེབས་པ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]