རང་ལྗོངས་སུ་ཨེ་ཙེའི་ནད་གཞི་ཁྱབ་རྒྱུར་ཚོད་འཛིན་ཡག་པོ་བྱུང་ཡོད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-06-27

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ཨེ་ཙེའི་ནད་གཞི་འགོག་བཅོས་སྲིད་ཇུས་ཀྱི་རྒྱལ་ཁབ་རིམ་པའི་སྒྲོག་འགྲེལ་ཚོགས་པ་བོད་དུ་བསྐྱོད་ནས།  ཨེ་ཙེའི་ནད་གཞི་འགོག་བཅོས་ཀྱི་སྲིད་ཇུས་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད།  དེང་སྐབས་བོད་དུ་ཨེ་ཙེའི་ནད་ཡམས་ཁྱབ་ཚད་དེ་རྒྱལ་ཁབ་སུ་ནད་ཡམས་ཁྱབ་པའི་ཆུ་ཚད་དང་བསྡུར་ན་ཚོད་འཛིན་ཡག་པོ་ཐུབ་པ་རེད། 
ཤེས་རྟོགས་བྱས་པར་གཞིགས་ན།  ཉེ་བའི་ལོའི་རིང་རང་ལྗོངས་འབྲེལ་ཡོད་ཚན་པས་སློབ་གྲྭ་དང་གྲོང་གསེབ།  སྡེ་ཁུལ།  ཨར་སྐྲུན་ཁུལ་སོགས་སུ་བསྐྱོད་དེ་སྤྱི་ཚོགས་ཡོངས་སུ་ཨེ་ཙེའི་ནད་ཡམས་སྔོན་འགོག་ནང་རྒྱ་ཁྱབ་ངང་ཞུགས་རྒྱུར་སྐུལ་སློང་བྱས་པ་དང་ཨེ་ཙེའི་ནད་གཞི་འགོག་བཅོས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་བ་རེད།  ལྗོངས་ཡོངས་སུ་ཨེ་ཙེའི་ནད་གཞིར་ལྟ་སྐུལ་ཉེན་བརྡ་གཏོང་བའི་ནུས་པ་རྒྱུན་མཐུད་ཆེ་རུ་ཕྱིན་པ་དང་།  རྫོང་༼ ཆུས ༽༧༤ ལ་ཨེ་ཙེའི་ནད་གཞི་ཚད་ལེན་ས་ཚུགས་བཙུགས་ནས་ལྗོངས་ཡོངས་སུ་ནད་དུག་འགོག་པའི་སྨན་བཅོས་བྱེད་སྒོ་རྒྱུན་མཐུད་རྒྱ་ཆེར་བཏང་བ།  ཨེ་ཙེའི་ནད་པར་རིན་མེད་ཐོག་སྨན་བཅོས་བྱས་པ་དང་ཆབས་ཅིག་ཨེ་ཙེའི་ནད་གཞི་ཕྱོགས་བསྡུས་བཀག་འགོག་བྱེད་ཤུགས་ཆེ་རུ་བཏང་ནས།  མ་བུའི་དབར་གྱི་ཨེ་ཙེའི་ནད་གཞི་ཕྱོགས་བསྡུས་བཀག་འགོག་རྣམ་གྲངས་དེ་ལྗོངས་ཡོངས་སུ་རྫོང་༼ ཆུས ༽ཚང་མར་ཁྱབ་པ་བྱས་པ་ཕུད།  ལྗོངས་ཡོངས་སུ་ཨེ་ཙེའི་ནད་འགོག་བཅོས་ཀྱི་རྒྱལ་ཁབ་རིམ་པའི་དཔེ་སྟོན་ཁུལ ༤ བཙུགས་པ་དང་བོད་དུ་ཨེ་ཙེའི་ནད་གཞི་འགོག་བཅོས་མཐུན་ཚོགས་བཙུགས་ཏེ།  འགོག་བཅོས་མཐུན་སྦྱོར་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]