ལྷ་ས་དགེ་འོས་ཆེད་ལས་སློབ་གྲྭའི་མ་ཡུན་སློབ་གསོའི་ཐེབས་རྩ་དངོས་སུ་བཙུགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-06-29

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉིན་ཤས་གོང་མ་ཡུན་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་དང་ལྷ་ས་དགེ་འོས་མཐོ་རིམ་ཆེད་ལས་སློབ་གྲྭས་མཉམ་འབྲེལ་ཐོག་གསར་འགྱུར་འགྲེམས་བསྒྲགས་ཚོགས་འདུ་འཚོགས་ཏེ།  ལྷ་ས་དགེ་འོས་ཆེད་ལས་སློབ་གྲྭའི་མ་ཡུན་སློབ་གསོའི་ཐེབས་རྩ་ཞེས་པ་དངོས་སུ་བཙུགས་པའི་ཁྱབ་བསྒྲགས་བྱས་པ་རེད།   
རྣམ་གྲངས་དེས་འཐབ་ས་དང་པོ་བརྟན་སྲུང་བྱེད་བཞིན་པའི་གྲོང་གསེབ་སློབ་གསོ་མཁས་ཅན་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་རྒྱུ་དང་ཆབས་ཅིག་མ་འོངས་པའི་གྲོང་གསེབ་སློབ་གསོ་མཁས་ཅན་གསོ་སྐྱོང་བྱེད་རྒྱུ་རེད།  ངོ་སྤྲོད་བྱས་པར་གཞིགས་ན།  མ་ཡུན་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་ཀྱིས་མ་དངུལ་སྒོར་དུང་ཕྱུར ༡ ཞལ་འདེབས་བརྒྱབ་སྟེ།  ལྷ་ས་དགེ་འོས་མཐོ་རིམ་ཆེད་ལས་སློབ་གྲྭར་དེང་རབས་ཅན་གྱི་མ་ཡུན་དགེ་རྒན་སྦྱོང་བརྡར་ལྟེ་གནས་ཞེས་པ་སྐྲུན་ནས།  མ་ཡུན་སློབ་གསོའི་བྱ་དགའ་ཞེས་པ་དང་མ་ཡུན་དགེ་རྒན་འཆར་གཞི་ཞེས་པ་འཛུགས་རྒྱུ་མ་ཟད།  མ་འོངས་པའི་ལོ ༡༠ ནང་འཐབ་ས་དང་པོའི་དགེ་རྒན་དང་ལས་བཟོ་པར་དངོས་གཞིའི་སྦྱོང་བརྡར་མང་པོ་ཞིག་རྒྱུན་མཐུད་སྤྲོད་རྒྱུ་རེད།། 

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]