གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་སྒྲོག་འགྲེལ་བྱེད་སྟངས་གསར་གཏོད་ངང་དྲིལ་བསྒྲཌ་སློབ་གསོའི་རྣམ་པ་བཟང་པོ་བཏོད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-06-30

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་གི་གྲོང་ཚོ་ཁག་ཏུ་བཅའ་སྡོད་ལས་དོན་རུ་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ།  ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་བྱེད་ཅེས་པའི་བརྗོད་དོན་གཙོ་བོ་དང་དམ་པོར་བསྟུན་ནས།  སྒྲོག་འགྲེལ་བྱེད་སྟངས་གསར་གཏོད་ངང་དྲིལ་བསྒྲགས་སློབ་གསོའི་རྣམ་པ་བཟང་པོ་བཏོད་པ་རེད།

གྲོང་མདའ་གྲོང་རྡལ་བླ་གདན་ཞོལ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས།  སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བྱེད་སྒོ་སྤེལ་རྒྱུ་དང་སློབ་སྦྱོང་གཉིས་དང་ཚད་ལོན་གཅིག་ཟུང་འབྲེལ་བྱས་ཏེ།  སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བྱེད་སྒོའི་ཁྲོད་ཏང་ཡོན་གྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་རྒྱུར་ཁྲིད་སྟོན་བྱས་ཡོད།  སྐྱེམས་སྟོང་ཤང་པ་ལོང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོའི་ཏང་ཀྲི་པུའུ་ལ་རམ་འདེགས་བྱས་ཏེ།  ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་བྱེད་ཅེས་པའི་བོད་གསར་རྙིང་བསྡུར་བའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་ནས།  ཞིང་འབྲོག་མང་ཚོགས་ལ་ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་བཀའ་ལ་ཉན་པ།  ཏང་གི་རྗེས་སུ་འབྲངས་པ་བཅས་ཀྱི་ཡིད་ཆེས་སྔར་བས་བརྟན་དུ་དང་ཆོད་སེམས་སྔར་བས་ཆེ་རུ་འགྲོ་རྒྱུར་ཁྲིད་སྟོན་བྱས་ཡོད།  དུང་དཀར་གྲོང་རྡལ་དུད་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོའི་ཨུ་ཡོན་ལྷན་ཁང་གཉིས་ལ་རམ་འདེགས་ཧུར་ཐག་བྱས་ཏེ།  སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་སློབ་གསོའི་ལག་ལེན་བྱེད་སྒོའི་སྐུལ་སློང་ཚོགས་འདུ་སྒྲིག་འཛུགས་ངང་སྐོང་འཚོགས་བྱས་པ་དང་།  གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་གྲོང་ཚོའི་ཨུ་ཡོན་ལྷན་ཁང་གཉིས་དང་ཏང་ཡོན་ཡོངས་ཀྱིས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས།  རང་དཔེ་གཞན་སྟོན་དང་སྣེ་ཁྲིད་བྱས་ཏེ་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་རྒྱུར་ཁྲིད་སྟོན་བྱས་པ་རེད།

ད་བར་སྣང་རྫོང་གི་རིམ་ཁག་རྨང་བརྟན་དམངས་ཕན་གཞུང་ལས་ཁང་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས།  སྣང་ཆེན་བཞི་དང་དགའ་ཞེན་བཞིའི་དྲིལ་བསྒྲགས་སློབ་གསོ་ཐེངས ༦༤ སྤེལ་བར་སློབ་གསོ་ཐེབས་པའི་མང་ཚོགས་མི་ཐེངས ༥༩༦༦ ཟིན་པ་དང་།  སྣང་ཆེན་བཞི་དང་དགའ་ཞེན་བཞིའི་ལག་ལེན་བྱེད་སྒོ་ཐེངས ༢༨ སྤེལ་བར་སློབ་གསོ་ཐེབས་མཁན་མང་ཚོགས་མི་ཐེངས ༢༤༦༩ ཟིན་པ།  སྤྱི་ཚོགས་དྲིལ་བསྒྲགས་ཐེངས ༩༡༡ བྱས་པ་བཅས་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]