རང་ལྗོངས་སུ་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གོང་འཕེལ་གྱི་རྣམ་པ་བཟང་པོ་ཐོན།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-07-01

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཀྲུང་གོ་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ཚོགས་པས་ཉེ་དུས་ཇི་ནི་ཝར་ལོ་ངོ་བདུན་ཅུའི་རིང་གི་ཀྲུང་གོ་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གོང་འཕེལ་ཡར་རྒྱས་ཞེས་པའི་བརྗོད་དོན་གཙོ་བོའི་ཚོགས་འདུ་འཚོགས་པ་དང་།  ཀྲུང་གོ་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ཚོགས་པའི་ལས་འཛིན་པ་ནོར་བུས་ཚོགས་འདུའི་ཐོག་ཀྲུང་གོའི་བོད་ལྗོངས་ཀྱི་དབུལ་སྐྱོར་གོང་འཕེལ་གནས་ཚུལ་ངོ་སྤྲོད་གནང་བ་རེད།

ནོར་བུས་ཀྲུང་གོའི་རོགས་སྐྱོར་ཞིང་ཆེན་ཁག་གིས་ད་བར་སྔ་ཕྱི་བསྡོམས་ལས་བྱེད་པ་དང་ཆེད་ལས་ལག་རྩལ་མི་སྣ་ཁྲི ༡.༨ ལྷག་ཙམ་སྒྲིག་འཛུགས་བྱས་ནས།  ཚོགས་སྒྲིག་རྣམ་པའི་སྨན་བཅོས་ཤེས་ལྡན་པའི་བོད་སྐྱོར་དང་བོད་སྐྱོར་རྣམ་གྲངས་ལག་བསྟར་སོགས་བྱས་ཏེ། བོད་སྐྱོར་རྣམ་གྲངས་ཁྲི ༡ ལྷག་ཙམ་ལག་བསྟར་དང་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར ༤༠༠ ལས་བརྒལ་བ་དོན་འཁྱོལ་བྱས་ནས།  བོད་ཀྱི་དབུལ་སྐྱོར་གོང་འཕེལ་ལ་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད་ཅེས་གསུངས།
ནོར་བུས་སྤྱི་ལོ ༢༠༡༩ ལོའི་ཟླ ༦ པའི་བར་བོད་ཀྱི་དབུལ་ཕོངས་མི་འབོར་དེ་སྔོན་གྱི་ཁྲི་ཚོ ༥༩ ནས་ད་ལྟའི་ཁྲི་ཚོ ༡༥ བར་ཉུང་དུ་ཕྱིན་ཡོད་པ་དང་།  དེ་སྔོན་གྱི་དབུལ་ཕོངས་རྫོང་༼ ཆུས ༽ ༧༤ ནས་ད་ལྟ ༡༩ བར་ཉུང་དུ་ཕྱིན་ཞིང་།  དབུལ་ཞྭ་ཕུད་པའི་སྤྱི་འབོར་རྒྱལ་ཡོངས་ཀྱི་ཨང་དང་པོ་ཡིན་པ་དང་།  དབུལ་ཕོངས་ཐོན་ཚད་དེ་སྔའི་བརྒྱ་ཆ ༢༥.༢ ནས་ད་ལྟའི་བརྒྱ་ཆ ༥.༦ བར་ཆག་ཡོད།  ད་ལོ་བོད་ཀྱིས་ལོ་འཁོར་མོའི་ནང་དབུལ་པོ་དབུལ་རྐྱང་མེད་པ་བཟོ་ཐུབ་པ་བྱས་ཏེ།  དེ་འཕྲོས་ཀྱི་དབུལ་ཕོངས་མི་འབོར་ཁྲི་ཚོ ༡༥ དབུལ་གྲོལ་དང་དབུལ་ཕོངས་རྫོང་༼ ཆུས ༽༡༩ དབུལ་ཞྭ་ཕུད་ཐུབ་པ་བྱེད་རྒྱུ་ཡིན་པའི་ངོ་སྤྲོད་གནང་བ་རེད།
ནོར་བུས་ཕྱོགས་ཁག་གི་བསྡོམས་རྩིས་བརྟག་དཔྱད་ཐོག་ནས་མངོན་པར་གཞིགས་ན།  བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོའི་ད་ལྟའི་འཚོ་བར་བློ་ཡིད་འཚིམ་ཚད་བརྒྱ་ཆ ༩༧ ལས་བརྒལ་བ་དང་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་ཡིད་ཆེས་བྱེད་ཚད་བརྒྱ་ཆ ༩༧.༣ ཟིན་ཡོད།  དེ་དག་ནི་གནས་ཚུལ་ངོ་མ་རེད་ལ་བོད་ཀྱི་འགྲོ་བ་མིའི་བྱ་གཞག་གོང་འཕེལ་ལ་ཐོབ་པའི་གྲུབ་འབྲས་ཆེན་པོ་ཞིག་ཀྱང་དེ་བས་རེད་ཅེས་གསུངས།།

  ༼  རྩོམ་སྒྲིག་བློ་གྲོས། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]