གཟའ་འཁོར་འདིའི་ནང་རང་ལྗོངས་ཀྱི་ས་ཆ་མང་ཆེ་བར་ཆར་པ་བབ་རྒྱུ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-07-02

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ལྗོངས་གནམ་གཤིས་ལས་ཁུངས་ཀྱི་སྔོན་བརྡ་གཏོང་མཁན་བདེ་ཆེན་གྱི་གསུང་དོན།  གཟའ་འཁོར་གོང་མར་རང་ལྗོངས་ཀྱི་ས་ཆ་མང་ཆེ་བར་གནམ་གཤིས་སྐམ་ཤས་ཆེན་པོ་བསྟན་པ་དང་།  གནམ་གཤིས་གྲངས་གཞི་གསར་ཤོས་ལ་དབྱེ་ཞིབ་བྱས་པར་གཞིགས་ན།  གཟའ་འཁོར་འདིའི་ནང་རེས་གཟའ་ཟླ་བ་ནས་མིག་དམར་བར་ཉིང་ཁྲི་དང་ནག་ཆུ།  ལྷོ་ཁའི་ལྷོ་རྒྱུད།  གཞིས་རྩེའི་ལྷོ་རྒྱུད་བཅས་སུ་ཆར་པ་ཆུང་བ་ཡང་ན་འབྲུག་ཆར་བབ་རྒྱུ་དང་ས་ཆ་ཁག་ཅིག་ལ་ཆར་པ་འབྲིང་བ་བབ་རྒྱུ།  རེས་གཟའ་ལྷག་པ་ནས་ཕུར་བུའི་བར་ཉིང་ཁྲི་དང་ནག་ཆུའི་དབུས་ཤར་རྒྱུད།  ཆབ་མདོའི་བྱང་རྒྱུད་བཅས་སུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་བབ་རྒྱུ་དང་ལྷ་ས་དང་ལྷོ་ཁ།  གཞིས་རྩེ་བཅས་སུ་ཆར་པ་ཆུང་བ་བབ་རྒྱུ་ཡིན་ཞིང་ས་ཆ་ཁག་ཅིག་ལ་ཆར་པ་འབྲིང་བ་བབ་རྒྱུ།  དེ་མིན་ས་ཁུལ་ལ་སྤྲིན་པ་མང་པོ་འཁོར་ནས་ཐོལ་ཆར་ཡང་ན་འབྲུག་ཆར་བབ་རྒྱུ།  རེས་གཟའ་ཉི་མའི་རྗེས་སུ་ཉིང་ཁྲི་དང་ཆབ་མདོ།  ནག་ཆུའི་དབུས་ཤར་རྒྱུད་བཅས་སུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་བབ་རྒྱུ་དང་ལྷ་ས་དང་ལྷོ་ཁ།  གཞིས་རྩེ་བཅས་སུ་ཆར་པ་ཆུང་བ་བབ་རྒྱུ།  དེ་མིན་ས་ཁུལ་དུ་སྤྲིན་པ་མང་པོ་འཁོར་རྒྱུ་དང་ས་ཆ་ཁག་ཅིག་ལ་ཐོལ་ཆར་བབ་རྒྱུ་བཅས་རེད།

གཞན་ཡང་བོད་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གི་བཀོད་འདོམས་པ་ཚེ་དབང་ལྷ་མཚོ་ནས།  དབྱར་དུས་ཚ་བ་ཆེ་བའི་ཁར་ཉིན་མོའི་དུས་ཚོད་ཅུང་རིང་པོ་ཡོད་པས།  མེ་སྐྱོན་ལས་འཛོལ་ཐོན་མང་དུ་འགྲོ་ཡི་ཡོད་པས་ང་ཚོས་དུས་རྒྱུན་ནས་སོལ་རླངས་སོགས་འབར་གས་སླ་བའི་དངོས་རྫས་ཉི་འོད་འོག་འཇོག་རྒྱུ་མེད་པ་དང་།  དྲོད་གྲང་སྙོམས་སྒྲིག་འཕྲུལ་ཆས་དང་འཁྱགས་སྒམ།  རླུང་འཁོར་སོགས་སྒྲིག་ཆས་ཀྱི་སྐུད་ལམ་དང་སོལ་རླངས་སྦུ་ག་སོགས་ལ་ཞིབ་བཤེར་བྱེད་དགོས་པ་མ་ཟད།  ཕྱི་རོལ་དུ་གླིང་ཁ་གཏོང་བར་འགྲོ་སྐབས་ཀྱང་འབྲེལ་ཡོད་ཀྱི་མེ་ཟོན་སྔོན་འགོག་ལས་དོན་ཡག་པོ་སྤེལ་དགོས་ཞེས་གསུངས།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]