རང་ལྗོངས་ཀྱིས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ཁག་ལ་གོ་རིམ་ལྡན་པའི་ངང་སྐུལ་སྤེལ་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-07-03

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ད་ལོའི་ཚུན་དུ་རང་ལྗོངས་ཀྱིས་ནུས་རྒྱུ་དང་འགྲིམ་འགྲུལ།  དམངས་འཚོ་སོགས་ཁྱབ་ཁོངས་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ཁག་ལ་གོ་རིམ་ལྡན་པའི་ངང་སྐུལ་སྤེལ་བཏང་བས།  དམངས་འཚོའི་རྣམ་གྲངས་གལ་ཆེན་མང་པོ་ཞིག་དོན་འཁྱོལ་ཐུབ་ཡོད།

རང་ལྗོངས་ཀྱི་མ་འཇོག་གཞི་ཁྱོན་ཆེ་ཤོས་དང་གློག་གཏོང་སྐུད་ལམ་རིང་ཤོས་ཀྱི་གློག་ཤུགས་ལས་གཞི་སྟེ།  ཆབ་མདོ་དང་བོད་དབུས་རྒྱུད་གློག་དྲའི་དྲ་སྦྲེལ་ལས་གཞི་སྤྱི་ལོ ༢༠༡༨ ལོའི་ཟླ ༡༡ པའི་ནང་བསྐྲུན་ཟིན་ནས་བེད་སྤྱོད་བྱས་པ་དང་བསྟུན་ནས།  རང་ལྗོངས་ཀྱི་གློག་དྲའི་ལོ་རྒྱུས་རང་བཞིན་སྒོ་ནས་ཧྥུའུ་སྟོང་ཚན ༥༠༠ ལས་བརྒལ་བའི་སྣོན་ཆེའི་གློག་དྲ་ཆེ་གྲས་ཀྱི་དུས་རབས་སུ་སླེབས་ཡོད་པས།  ད་ཆ་རང་ལྗོངས་ཀྱི་གློག་དྲ་ཨ་མ་རྫོང་ ༦༢ ལ་ཁྱབ་ཡོད་པ་དང་།  མི་འབོར་ཁྲི་ཚོ ༢༧༢ ལ་གློག་མཁོ་འདོན་ཐུབ་པ་དེས་ལྗོངས་ཡོངས་ཀྱི་མི་འབོར་གྱི་བརྒྱ་ཆ ༨༠ བཟུང་ཡོད།

རྒྱལ་ཁབ་ཀྱི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་གཙོ་གནད་ལས་གཞིའི་རྣམ་གྲངས་ཞིག་ཡིན་པའི་ལྷ་ཉིང་ལྕགས་ལམ་ནི།  རང་ལྗོངས་ཀྱི་གློག་རླངས་ཅན་གྱི་ལྕགས་ལམ་ཐོག་མ་དེ་ཡིན་པ་དང་།  རྣམ་གྲངས་དེ་སྤྱི་ལོ ༢༠༢༡ ལོར་སྐྲུན་ཟིན་ནས་མེ་འཁོར་ཤར་གཏོང་ཐུབ་རྒྱུ་རེད།  གྲངས་གཞིའི་ཐོག་ནས་མངོན་པར་གཞིགས་ན།  ད་བར་ལྷ་ཉིང་ལྕགས་ལམ་དེར་ཟམ་པ ༡༢༠ ཡོད་པའི་ནང་ནས་ཟམ་པ ༡༠༨ ཀྱི་གྲུབ་ཆ་གཙོ་བོ་བསྐྲུན་ཟིན་པ་དང་ཕུག་ལམ ༤༧ ཡོད་པའི་ནང་ནས ༣༥ ཤར་གཏོང་ཐུབ་ཡོད།

འཛམ་གླིང་ཐོག་ས་བབ་མཐོ་ཤོས་དང་གཞུང་ལམ་གྱི་ཕུག་ལམ་རིང་ཤོས་ཀོང་པོ་བར་ལའི་ཕུག་ལམ་དེ་ལོ་བཞི་འཛུགས་སྐྲུན་བྱས་པ་བརྒྱུད།  ད་ཆ་འཛུགས་སྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་སྟེ་དེ་སྔོན་སྤྱི་ལེ ༡༨ ཡོད་པའི་རི་ལམ་ཀྱག་ཀྱོག་དེ་ད་ཆ་སྤྱི་ལེ ༥.༧ བར་ཐུང་དུ་ཕྱིན་པས།  མགྱོགས་ཚད་དང་ཤར་གཏོང་ཐུབ་ཚད་སྔར་བས་གང་ལེགས་ཕྱིན་ཡོད་པ་དང་ཆབས་ཅིག  རྒྱལ་ལམ ༡༠༩ རྒྱུད་ཀྱི་ནག་ཆུ་ནས་ལྷ་ས་བར་གྱི་གཞུང་ལམ་བསྒྱུར་བཟོའི་ལས་གཞི་དང་།  ལྷ་གཞིས་རིམ་མཐོའི་གཞུང་ལམ་གྱི་ཚོད་འཛིན་རང་བཞིན་གྱི་ལས་གཞི་སོགས་འཛུགས་སྐྲུན་རྣམ་གྲངས་དེ་དག་ལ་ཡང་གོ་རིམ་ལྡན་པའི་ངང་སྐུལ་སྤེལ་གཏོང་བཞིན་ཡོད།

རྒྱལ་ལམ ༣༡༨ ལམ་རྒྱུད་ཀྱི་ལྷ་ས་ནས་གཞིའི་རྩེ་འབབ་ཐང་བར་གྱི་གཞུང་ལམ་བསྒྱུར་བཟོའི་ལས་གཞི་ནི།  རང་ལྗོངས་ཀྱིས་ལྷོ་ཨེ་ཤེ་ཡར་ཁ་ཕྱོགས་པའི་གལ་ཆེའི་བགྲོད་ལམ་ཞིག་ཡིན་པ་དང་།  འཛུགས་སྐྲུན་ཁྲོད་ས་ཆ་དེ་གའི་ཞིང་འབྲོག་མང་ཚོགས་འབོར་ཆེན་ཞིག་ལས་ཞུགས་ཐུབ་ནས་ཡོང་འབབ་སྒོར་ཁྲི་ཚོ ༨༥༠༠ བྱུང་ཡོད་པ་རེད།  དེ་བཞིན་ན་ནིང་ལོ་མཇུག་ཏུ་གཅིག་བསྡུས་ལས་འགོ་བཙུགས་པའི་བོད་རང་སྐྱོང་ལྗོངས་སྨན་ཁང་དང་བོད་ལྗོངས་ལག་རྩལ་སློབ་གླིང་།  བོད་ལྗོངས་གསོ་རིག་སློབ་ཆེན་གྱི་སློབ་ཁུལ་གསར་པ་བཅས་དམངས་འཚོའི་རྣམ་གྲངས་གལ་ཆེན་གསུམ་པོ་ཚང་མ་རྒྱལ་ཁབ་ནས་ཆེད་དོན་མ་དངུལ་བཏང་བས་ད་ཆ་སྐྲུན་འགོ་ཚུགས་ཡོད།

སྤྱི་ལོ ༢༠༡༨ ལོའི་ལོ་མཇུག་ཏུ། རང་ལྗོངས་ཀྱིས་གཙོ་གནད་རྣམ་གྲངས ༢༡༡ བཀོད་སྒྲིག་བྱས་ཡོད་པ་དང་།  ད་ལོ་མ་དངུལ་སྒོར་དུང་ཕྱུར ༢༠༢༥ ལྷག་ཙམ་གཏོང་རྒྱུའི་འཆར་གཞི་ཡོད་པས།  དེས་གཙོ་གནད་རྣམ་གྲངས་ལ་སྐུལ་འདེད་ཤུགས་ཆེ་ཐེབས་ནས་རྒྱལ་ཁབ་དང་བོད་སྐྱོར།  དམངས་ཁྲོད་སོགས་ཀྱི་ཐབས་ལམ་མང་པོའི་མ་དངུལ་ཕན་ཚུན་མཐུན་སྦྱོར་དང་གསབ་རེས་བྱེད་པའི་མ་འཇོག་དང་མ་དངུལ་བསྡུ་རྒྱུག་གི་རྣམ་པ་ཞིག་ཆགས་ནས།  རིམ་བཞིན་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཕར་སྣོན་གྱི་འགན་སྲུང་ཞིག་དང་དཔལ་འབྱོར་སྤྱི་འབོར་འཕར་བའི་སྐུལ་འདེད་ཅིག  དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་གི་བྱེད་པོ་ཞིག  དམངས་འཚོ་ལེགས་བཅོས་འགན་ལེན་གྱི་སྒུལ་ཤུགས་ཤིག་བཅས་སུ་འགྱུར་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།  ན་ནིང་རང་ལྗོངས་ཀྱིས་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་རྣམ་གྲངས་དུས་དཀྱིལ་གྱི་བཅོས་སྒྲིག་ཟིན་ནས།  ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་རྣམ་གྲངས ༡༨༩ ནས ༡༩༧ བར་མང་དུ་བཏང་ཡོད་པའི་ནང་།  རྣམ་གྲངས ༥༢ ལེགས་གྲུབ་ཟིན་པ་དང་རྣམ་གྲངས ༩༤ སྐྲུན་བཞིན་ཡོད་ཅིང་།  མ་དངུལ་གཏོང་ཚད་སྒོར་དུང་ཕྱུར ༢༢༡ མང་དུ་ཕྱིན་ནས་ཁྱོན་མ་དངུལ་སྒོར་དུང་ཕྱུར ༣༨༠༧ ཟིན་ཡོད།  གལ་ཆེའི་རྣམ་གྲངས་དེ་དག་ནི་རང་ལྗོངས་ཀྱི་ལེགས་ཆའི་ཐོན་ལས་འཁོར་སྦྲེལ་གཏོད་རྒྱུ་དང་ལྟེ་བའི་འགྲན་རྩོད་ནུས་པ་མཐོ་རུ་གཏོང་བའི་གལ་ཆེའི་སྒུལ་ཤུགས་ཤིག  རང་ལྗོངས་ཀྱི་དཔལ་འབྱོར་འཕར་སྣོན་ལ་སྐུལ་ཁྲིད་དང་ལས་ཞུགས་ནུས་ལྡན་ངང་རྒྱ་སྐྱེད་གཏོང་བའི་གལ་ཆེའི་བྱ་ཐབས་ཤིག་བཅས་རེད།།

  ༼  རྩོམ་སྒྲིག་བློ་གྲོས། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]