ལྷ་སར་ནུས་ཁུངས་གསར་པའི་སྤྱི་སྤྱོད་རླངས་འཁོར༨༠བེད་སྤྱོད་གཏོང་འགོ་ཚུགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-07-08

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༦ ཉིན།  ལྷ་སར་ནུས་ཁུངས་གསར་པའི་སྤྱི་སྤྱོད་རླངས་འཁོར ༨༠ དངོས་སུ་བེད་སྤྱོད་གཏོང་འགོ་ཚུགས་པ་དེས་རླངས་འཁོར་གྱི་དབྱང་གཉིས་ཐན་གྱུར་ཕྱིར་བཤངས་བྱེད་ཚད་ཉུང་དུ་ཕྱིན་ནས།  ལྷ་སའི་མཁའ་རླུང་སྤུས་ཚད་སྔར་བས་ལེགས་སུ་འགྲོ་རྒྱུ་རེད།

ངོ་སྤྲོད་བྱས་པར་གཞིགས་ན།  ད་ཐེངས་བཀོད་སྒྲིག་བྱས་པའི་ནུས་ཁུངས་གསར་པའི་སྤྱི་སྤྱོད་རླངས་འཁོར་ཐོག་རིག་ནུས་བཀོད་གཏོང་དང་རང་འགུལ་ཉེན་བརྡའི་ཡོ་ཆས་སོགས་སྒྲིག་སྦྱོར་བྱས་ཡོད་པ་དང་།  སྤྱི་སྤྱོད་རླངས་འཁོར་གསར་བརྗེས་འཆར་གཞིར་གཞིགས་ནས།  ནུས་ཁུངས་གསར་པའི་སྤྱི་སྤྱོད་རླངས་འཁོར ༡༡༠ གཅིག་གྱུར་ཉོ་སྒྲུབ་བྱས་པའི་ཁྲོད།  ནུས་ཁུངས་གསར་པའི་སྤྱི་སྤྱོད་རླངས་འཁོར ༨༠ ཉེ་དུས་དངོས་སུ་བེད་སྤྱོད་གཏོང་འགོ་ཚུགས་པ་དང་།  དེ་འཕྲོས་ཀྱི་རླངས་འཁོར ༣༠ ཟླ་འདིའི་ཟླ་སྨད་དུ་བེད་སྤྱོད་གཏོང་རྒྱུ་རེད།

གོམ་སྟབས་རྗེས་མར།  ལྷ་ས་གྲོང་ཁྱེར་གྱིས་དུས་ཐེངས་གཞིར་བཟུང་ལོ་ཚད་སླེབས་པའི་སྤྱི་སྤྱོད་རླངས་འཁོར་རྙིང་པ་བརྗེ་བསྒྱུར་བྱེད་རྒྱུ་ཡིན་པ་དང་།  སྤྱི་ལོ ༢༠༢༡ ལོར་སླེབས་དུས་སྤྱི་སྤྱོད་རླངས་འཁོར་ཚང་མ་ནུས་ཁུངས་གསར་པའི་སྤྱི་སྤྱོད་རླངས་འཁོར་ལ་བརྗེ་རྒྱུ་རེད།

ཤེས་རྟོགས་བྱས་པར་གཞིགས་ན།  ལྷ་ས་གྲོང་ཁྱེར་དུ་སྤྱི་སྤྱོད་རླངས་འཁོར་ལམ་ཐིག ༤༡ དང་།  སྤྱི་སྤྱོད་རླངས་འཁོར ༥༢༢ ཟིན་ནས་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོ་དང་གྲོང་འདབས།  མཐའ་འཁོར་གྱི་རྫོང་༼ ཆུས ༽བཅས་ལ་ཁྱབ་ཐུབ་ཡོད་པས་མང་ཚོགས་ཀྱི་འགྲུལ་བཞུད་ཐད་སྟབས་བདེ་བྱུང་ཡོད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]