སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ཚོགས་པའི་བྱས་རྗེས་སྙན་ཞུའི་ཚོཌ་འདུ་ལྷ་སར་འཚོཌ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-07-10

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༨ ཉིན་གྱི་སྔ་དྲོ།  སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ཚོགས་པའི་བྱས་རྗེས་སྙན་ཞུའི་ཚོགས་འདུ་ལྷ་སར་འཚོགས་པ་རེད།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཏིང་གཡས་ཤན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་དང་།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་ཚོགས་འདུར་ཕེབས་ཡོད།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་བསྟན་ཁོ་དང་ཧེ་ཝུན་ཧའོ།  པད་མ་དབང་འདུས།  ལེའུ་ཅང་བཅས་དང་།  ད་དུང་རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་རྒན་གྲས་ལེགས་མཆོག་དང་པ་སངས་རྣམ་གཉིས་ཚོགས་འདུར་ཕེབས་ཡོད།
ཏིང་གཡས་ཤན་གྱིས་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་སྤེལ་རྒྱུ་ནི་ཁ་གཏད་བོད་སྐྱོར་ལས་ཀའི་སྒྲིག་གཞི་ལམ་སྲོལ་གྱི་གསར་གཏོད་གལ་ཆེན་ཞིག་ཡིན་པ་དང་།  ལོ་བཞིའི་ཚུན་དུ་སྨན་བཅོས་ཤེས་ལྡན་པ་ཁག་ཐེངས་མང་པོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་འཆང་བ་དང་།  ཏང་ཀྲུང་དབྱང་ནས་བོད་ལྗོངས་མི་རིགས་ཁག་གི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་ལུགས།  ཁ་གཏད་བོད་སྐྱོར་གནང་མཁན་ཞིང་ཆེན་དང་གྲོང་ཁྱེར་ཁག་ནས་སྒེར་སེམས་མེད་པར་གཅེས་སྐྱོང་གནང་ལུགས་བཅས་མཚོན་པ་བྱེད་ཆེད།  རང་ལྗོངས་སྨན་ཁང་ཁག་ལ་གཙོ་གནད་ཚན་ཁག་གཏོད་རྒྱུར་རོགས་རམ་བྱས་པ་བརྒྱུད།  སྨན་བཅོས་ཞབས་ཞུའི་ནུས་པ་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ།  མི་རིགས་ཁག་གི་མང་ཚོགས་ལ་ནང་སའི་ཆུ་ཚད་མཐོ་བའི་སྨན་བཅོས་ཞབས་ཞུ་མཁོ་འདོན་གནང་ཡོད་ཅེས་གསུངས་པ་རེད། 
ཏིང་གཡས་ཤན་གྱིས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ཚོགས་པ་མིག་དཔེར་འཛིན་ཏེ།  ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་དང་།  བོད་ལྗོངས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་དོད་པའི་ལག་ལེན་ཁྲོད་ཧུར་ཐག་ཞུགས་དགོས་པ།  ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ནས་སྔོན་ཐོན་དཔེ་མཚོན་གྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།  རང་ལྗོངས་ཀྱི་བསྒྱུར་འཕེལ་བརྟན་གསུམ་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་ནས།  ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བར་ཕྱག་རྟགས་འབུལ་དགོས་པའི་ནན་གསུངས་གནང་བ་རེད། 
ཚོགས་འདུའི་ཐོག སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ཚོགས་པའི་སྔོན་ཐོན་བྱས་རྗེས་ངོ་སྤྲོད་བྱས་ཏེ།  ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པའི་ཡིད་ཆེས་དང་ཆོད་སེམས་མངོན་པར་བྱས་པ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]