ད་ལོར་རང་ལྗོངས་སུ་ཆར་དུས་ཤར་བའི་དུས་ཚོད་དེ་རྒྱུན་གཏན་ལས་ཉིན༢༧གྱིས་འགྱངས་བ་བྱུང་ཡོད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-07-11

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཆར་དུས་ལྟ་ཞིབ་ཚད་ལེན་ལ་གཞིགས་ན།  ད་ལོའི་སྤྱི་ཟླ་བདུན་པའི་ཚེས ༤ ཉིན་ནས་བཟུང་རང་ལྗོངས་སུ་ཆར་དུས་ཤར་བ་དང་ཆར་དུས་ཤར་བའི་རྒྱུན་གཏན་གྱི་དུས་ཚོད་ལས་ཉིན ༢༧ གྱིས་འགྱངས་བ་བྱུང་ཡོད། 
རང་སྐྱོང་ལྗོངས་གནམ་གཤིས་ལྟེ་གནས་ཀྱི་རིགས་གཅིག་མཁས་ཅན་གྱིས་ངོ་སྤྲོད་གནང་བར་གཞིགས་ན།  བོད་དུ་ཆར་དུས་རིང་ཆར་པ་བབ་ཚད་ཀྱིས་ས་ཆ་དེའི་ལོ་ཧྲིལ་པོའི་ཆར་པ་བབ་ཚད་ཀྱི་བརྒྱ་ཆ ༨༠ ཡན་བཟུང་བ་དང་།  ལྗོངས་ཡོངས་སུ་ཁྱོན་ཆར་དུས་ཀྱི་ལྟ་ཞིབ་ཚད་ལེན་ས་ཚུགས ༣༡ ཡོད་ཅིང་།  ཆར་དུས་ཀྱི་ལྟ་ཞིབ་ཚད་ལེན་ས་ཚུགས་བརྒྱ་ཆ ༦༠ ཡིས་ཆར་དུས་འགོ་ཚུགས་པ་དང་ཡང་ན་མཇུག་སྒྲིལ་བའི་དུས་ཚོད་ཚད་ལེན་བྱེད་ཐུབ་ཡོད། 
ཤེས་རྟོགས་བྱུང་བར་གཞིགས་ན།  སྤྱི་ཟླ་བདུན་པའི་ཚེས ༣ ཉིན་ནས་བཟུང་རང་ལྗོངས་ཀྱི་ས་མང་ཆེ་བར་ཆར་པ་བབ་འགོ་ཚུགས་པ་དང་།  ལྷག་པར་དུ་ཡར་ཀླུང་གཙང་པོའི་རྒྱུད་དུ་ཆར་ཆུ་ཅུང་མང་པོ་བབས་ནས་དུས་འགོའི་ཐན་པའི་གནས་ཚུལ་ཞི་ལྷོད་དུ་ཕྱིན་ཡོད།  སྤྱི་ཟླ་བདུན་པའི་ཚེས ༩ ཉིན་བར་རང་ལྗོངས་ཀྱི་ཆར་དུས་ལྟ་ཞིབ་ཚད་ལེན་ས་ཚུགས ༣༡ ཁྲོད།  ལྟ་ཞིབ་ཚད་ལེན་ས་ཚུགས ༢༢ ཀྱིས་ས་ཚུགས་རྐྱང་མའི་ཆར་དུས་འགོ་ཚུགས་ཀྱི་ཚད་གཞི་ལོན་པ་དང་།  ཚད་གཞི་ལོན་ཚད་བརྒྱ་ཆ ༧༡ ཟིན་ཡོད།།

 

 

 

 

 

 

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]