དཔལ་འབར་རྫོང་དུ་ཏང་འཛུགས་སྐྱོང་དང་དབུལ་གྲོལ་འགག་སྒྲོལ་མཉམ་འདྲེས་གྱི་རྣམ་པ་བཟང་པོ་ཐོན།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-07-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་གིས་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་དབུལ་གྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི་ལས་གཞི་ལག་བསྟར་གཏིང་ཟབ་བྱེད་པ་དང་།  དཔུང་ཁག་ལ་དམ་འཛིན་དང་རོགས་སྐྱོར་ལ་ཤུགས་སྣོན།  ཐོན་ལས་འཛུགས་སྐྱོང་བཅས་བྱས་པ་བརྒྱུད་ཏང་འཛུགས་སྐྱོང་དང་དབུལ་གྲོལ་འགག་སྒྲོལ་མཉམ་འདྲེས་ནུས་ལྡན་ཐུབ་ཡོད།

དཔལ་འབར་རྫོང་གིས་གསོ་སྐྱོང་གསུམ་གྱི་བྱེད་སྒོ་ཕྱོགས་ཡོངས་ནས་སྤེལ་བ་དང་ཏང་ཡོན་ཕྱུག་འགྱུར་གྱི་མེ་སྟག་ལས་གཞི་ལག་བསྟར་གཏིང་ཟབ་བྱས་པས།  སྤྱི་ལོ ༢༠༡༨ ལོ་ནས་ད་བར་ཏང་ཡོན་ཕྱུག་འགྱུར་སྣེ་ཁྲིད་པ ༡༧༦ གསོ་སྐྱོང་དང་འཕེལ་རྒྱས་བཏང་ཡོད་པ་དང་།  སྔ་རྗེས་སུ་ཏང་ཡོན ༧༣ ཕྱུག་འགྱུར་སྣེ་ཁྲིད་པར་གསོ་སྐྱོང་དང་ཕྱུག་འགྱུར་སྣེ་ཁྲིད་པ ༣༢ ཏང་ཡོན་ལ་འཕེལ་རྒྱས་བཏང་བ།  ཏང་ཡོན་ཕྱུག་འགྱུར་སྣེ་ཁྲིད་པ ༡༩ གྲོང་ཚོའི་རྗེས་གྲབས་ལས་བྱེད་པར་གསོ་སྐྱོང་བྱས་ཡོད་པ་བཅས་ཤེས་ལྡན་པའི་ཐོན་ཁུངས་ལེགས་ཆ་དེ་དབུལ་སྐྱོར་གྱི་ལེགས་ཆ་དང་གོང་འཕེལ་གྱི་ལེགས་ཆར་འགྱུར་བ་བྱས་ཡོད།  དཔལ་འབར་རྫོང་གིས་རྫོང་དེ་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་ལས་བཟོ་པ་གཉེན་སྦྲེལ་རོགས་སྐྱོར་བྱེད་སྒོའི་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་ནས།  རོགས་སྐྱོར་ཆེན་པོ་བདུན་དང་ཟུང་འབྲེལ་བྱས་ཏེ་གཅིག་བྱས་པ་དྲུག་གི་ལས་ཀའི་བྱ་ཐབས་ལག་བསྟར་གཏིང་ཟབ་བྱས་ཡོད།

སྤྱི་ལོ ༢༠༡༨ ལོ་ནས་ད་བར།  རྫོང་དེ་ཡོངས་ཀྱི་ཏང་ཡོན་ལས་བྱེད་ལས་བཟོ་པས་དབུལ་ཕོངས་མང་ཚོགས་མི་ཐེངས་ཁྲི ༡.༥༦ ལྷག་ལ་འཚམ་འདྲི་བྱས་ཡོད་པ་དང་།  རོགས་སྐྱོར་བྱ་ཐབས ༣༥༠ ལྷག་དོན་འཁྱོལ་བྱས་པ།  རིན་ཐང་སྒོར་ཁྲི ༩༠༠ ཙམ་ཟིན་པའི་རོགས་སྐྱོར་དངོས་པོ་སྤྲད་པ་མ་ཟད་མང་ཚོགས་ལ་ཕན་ཐོགས་པ་དང་དོན་དངོས་བྱ་བ ༣༠༠ ལྷག་སྒྲུབ་ཡོད།

དཔལ་འབར་རྫོང་གིས་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ།  སྔ་རྗེས་སུ་ཞིང་ཁྱིམ་སྤྲོ་སྐྱིད་ཁང་དང་བོད་བྱ་གསོ་ཚགས་རྟེན་གཞི་སོགས་ཏང་འཛུགས་ཀྱིས་དབུལ་གྲོལ་ལ་སྐུལ་སྤེལ་གཏོང་བའི་ཐོན་ལས་དཔེ་སྟོན་རྟེན་གཞི་བཙུགས་པ་དང་།  བརྟག་ཞིབ་མཐིལ་རྟོགས་བྱས་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྣམ་གྲངས ༡༥ གོང་འཕེལ་སྟོབས་ཆེར་གཏོང་རྒྱུའི་རེ་ཞུ་ཧུར་ཐག་ཕུལ་ཡོད།  དེ་དང་ཆབས་ཅིག  གྲོང་ཚོ ༨༢ ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གོང་འཕེལ་གྱི་འཆར་གཞི་བཟོས་ཡོད།  དེང་སྐབས།  རྫོང་དེ་ཡོངས་སུ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྣམ་གྲངས ༦༩ འཕེལ་རྒྱས་བྱུང་ཡོད་པ་དང་།  ཞིང་འབྲོག་མང་ཚོགས་ཀྱི་མཉམ་ལས་ཁང་ ༣༥ བཙུགས་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]