ཀླུ་ནང་གི་ཁྱད་ལྡན་གྲོང་རྡལ་ཆུང་ངུ་དེས་ཡུལ་སྐོར་བའི་ཡིད་དབང་བཀུག

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-08

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཀླུ་ནང་གྲོང་རྡལ་ནི་ཡར་ཀླུང་གཙང་པོའི་དབུས་སྨད་རྒྱུད་དུ་གནས་ཡོད་ཅིང་།  རི་བོ་མཐོན་པོ་དང་གྲོག་རོང་།  སྤང་ལྗོངས།  ནགས་ཚལ་སོགས་རང་བྱུང་མཛེས་ལྗོངས་དང་ཕུན་སུམ་ཚོགས་པའི་བོད་ཀྱི་རིག་བསྐྲུན་བཀོད་པ་ཡོད་པས་གནས་འདིར་སྤྲོ་གསེང་ཡུལ་སྐོར་འཕེལ་རྒྱས་གཏོང་བར་རྨང་གཞི་བཟང་པོ་ལྡན་ཡོད།  སྤྱི་ལོ ༢༠༡༣ ལོའི་ཟླ ༣ པ་ནས་བཟུང་ཀོང་ཏུང་ཞིང་ཆེན་གྱི་ཤུགས་ཆེའི་རོགས་སྐྱོར་འོག་ཉིང་ཁྲི་གྲོང་ཁྱེར་གྱིས་ཀླུ་ནང་ཁྱད་ལྡན་གྲོང་རྡལ་འཛུགས་སྐྲུན་བྱེད་པའི་ལས་དོན་སྤེལ་འགོ་བཙུགས་པ་མ་ཟད།  སྤྱི་ལོ ༢༠༡༦ ལོའི་སྤྱི་ཟླ ༡༠ པར་དངོས་སུ་བེད་སྤྱོད་གཏོང་འགོ་ཚུགས་པ་རེད།
ཀླུ་ནང་གྲོང་རྡལ་ནི་ཀོང་པོའི་རིག་གནས་ལྟེ་བའི་ཁུལ་དུ་གནས་པ་དང་།  ཡུལ་དེའི་སྲིད་གཞུང་གི་སྐུལ་འདེད་འོག་ཀོང་པོའི་རིག་གནས་རིམ་བཞིན་ཀླུ་ནང་གི་མིང་ཤོག་ལ་གྱུར་ཡོད།  ཀླུ་ནང་གི་རིག་གནས་ཉམས་འགྱུར་འགྲེམས་སྟོན་དེ་ཉིད་ཡུལ་སྐོར་བའི་ཡིད་དབང་འཕྲོག་པའི་བཀྲག་མདངས་འཚེར་ས་ཞིག་ཏུ་གྱུར་བ་དང་དུས་མཚུངས་ཀོང་པོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེ་བྱུང་ཡོད།  ཀླུ་ནང་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་སྤེན་པས་ཀླུ་ནང་གྲོང་རྡལ་གྱིས་ན་ནིང་ཡུལ་སྐོར་བ་མི་ཐེངས་ཁྲི་ཚོ ༡༡༡ ལ་སྣེ་ལེན་ཞུས་པར་ཁྱོན་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་ཚོ ༦༩༣༦ བྱུང་བའི་ནང་།  ཡུལ་དེའི་ཞིང་འབྲོག་མང་ཚོགས་ཡུལ་སྐོར་གྱི་འབྲེལ་ཡོད་ཐོན་ལས་ནང་ཞུགས་པའི་སྤྱིའི་ཡོང་འབབ་སྒོར་ཁྲི་ཚོ ༨༠༠ ཡས་མས་ཟིན་པ་དང་།  མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར ༢༡༠༠༠ ཟིན་ནས་མིང་དོན་མཚུངས་པའི་འབྱོར་འབྲིང་གྲོང་རྡལ་ཞིག་ཏུ་གྱུར་ཡོད་ཅེས་གསུངས།
ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུ་གཏོད་རྒྱུ་དེ་སྤྱིའི་ཇུས་འགོད་དམིགས་ཚད་དུ་བཟུང་ནས།  དྲ་རྒྱ་ཅན་དང་ཆ་འཕྲིན་ཅན།  གྲངས་གཞི་ཆེན་པོ་སོགས་ལ་བརྟེན་ནས་ཡུལ་དེའི་ཡུལ་སྐོར་ཆ་འཕྲིན་ཅན་གྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་བ་དང་།  ཡུལ་སྐོར་ཞབས་ཞུའི་ཆ་ལག་ཚང་བའི་དྲ་རྒྱ་འཛུགས་སྐྲུན་འཐུས་སྒོ་ཚང་དུ་བཏང་བ་མ་ཟད།  
ཀླུ་ནང་གི་ཡུལ་སྐོར་ཐོན་ཁུངས་ལ་དམིགས་ནས།  འཕྲིན་ཕྲན་དང་དཔོད་ཆུང་།  ཤིན་ལངས།  སའུ་ཧུའུ་སོགས་སྟེགས་བུ་བརྒྱུད་ཀླུ་ནང་དྲིལ་བསྒྲགས་ཤུགས་ཆེ་བྱས་པས།  དྲ་ཐོག་ཚོང་གཉེར་གྱི་སྙན་གྲགས་ཀྱང་ཆེ་རུ་ཕྱིན་ཡོད། 

ཡུལ་དེའི་ཞིང་འབྲོག་མང་ཚོགས་ཀྱིས་མགྲོན་ཁང་གཉེར་རྒྱུར་སྐུལ་འདེད་གཏོང་ཆེད།  ཀླུ་ནང་ཡུལ་སྐོར་དབུལ་སྐྱོར་ཐེབས་རྩ་བཙུགས་ཡོད་པས་ཞིང་འབྲོག་མང་ཚོགས་ཀྱིས་ཆེད་སྤྱོད་ཐེབས་རྩ་རེ་ཞུ་བྱས་ནས་མགྲོན་ཁང་སྐྲུན་ཆོག་པ་མ་ཟད།  ད་དུང་མགྲོན་ཁང་གི་ཞབས་ཞུའི་སྒྲིག་བཀོད་ལེགས་བཅོས་གཏོང་བ་དང་མགྲོན་ཁང་གི་མཁྲེགས་ཆས་དང་མཉེན་ཆས་ཚང་མ་ལེགས་བཅོས་བྱས་ཏེ་ཁྱད་ཆོས་ཆེན་པོ་ལྡན་པའི་བོད་བཟོའི་མགྲོན་ཁང་ཞིག་ཏུ་འགྱུར་བ་བྱེད་ཆོག་གི་ཡོད།  ད་ཆ་ཀླུ་ནང་གི་སྙན་གྲགས་ཇེ་ཆེར་ཕྱིན་པ་དང་བསྟུན་ནས་དེ་གར་ཡུལ་སྐོར་དང་མ་འཇོག  ལས་གཉེར་བཅས་བྱེད་པར་ཡོང་མཁན་ཇེ་མང་དུ་ཕྱིན་ནས་དེ་གའི་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་དང་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]