您没有安装FlashPlayer或版本太低, 请点击获得最新版本FlashPlayer
ད་ལོའི་ཚུན་དུ་ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་དུ་རིམ་ཁག་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་སློབ་གསོ་ལག་ལེན་བྱེད་སྒོ་དེ་གྲོང་ཚོར་བཅའ་སྡོད་ཀྱི་གཙོ་གནད་ལས་འགན་བདུན་དང་མཉམ་འདྲེས་ཐུབ་པ་བྱས་ཏེ། སློབ་སྦྱོང་བྱེད་པ་དང་གོ་བ་ལོན་པ། དངོས་སུ་སྒྲུབ་པ་བཅས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་སློབ་གསོ་ལག་ལེན་བྱེད་སྒོར་སྐུལ་འདེད་ཏན་ཏིག་ཐེབས་ཡོད།
སྣང་རྫོང་དུ་རིམ་ཁག་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་མཚན་མོའི་སློབ་གྲྭ་དང་གྲོང་ཚོའི་ལས་བྱེད་པ་ཁྲི་ཁ་ལོན་པའི་བྱང་ཚད་མཐོར་གཏོང་ལས་གཞི་སོགས་ཀྱི་གཞི་བརྟེན་ལ་བརྟེན་ནས། ཞིང་ཁུལ་དང་འབྲོག་ཁུལ། དབྱར་རྩྭ་དགུན་འབུ་བརྐོ་འཐུའི་ཁུལ་སོགས་སུ་སྒྲོལ་འགྲེལ་སློབ་གསོའི་ལས་དོན་གཏིང་ཟབ་སྤེལ་བ་མ་ཟད་དུས་ཆེན་སོགས་ཀྱི་སྐབས་སུ་རིག་རྩལ་འཁྲབ་སྟོན་བྱེད་པ་དང་། རྒྱལ་གཅེས་གློག་བརྙན་དང་བརྙན་འཕྲིན་སྟོན་པ། སྙན་ངག་གྱེར་འདོན་བྱེད་པ། གཏམ་བཤད་འགྲན་བསྡུར་བྱེད་པ་སོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྣ་ཚོགས་སྤེལ་བས། མི་ཚང་མས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་ལག་ལེན་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་སྐྲུན་ཐུབ་ཡོད།།