རང་སྐྱོང་ལྗོངས་ཀྱིས་གཅིག་བསྡུས་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་བར་གྲུབ་འབྲས་ཐོན།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-11

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ན་ནིང་ནས་བཟུང་།  རང་སྐྱོང་ལྗོངས་ཀྱིས་གཅིག་བསྡུས་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དོན་བྱ་སྤྱོད་ཕྱོགས་ཡོངས་ནས་སྤེལ་ཏེ།  རིམ་ཁག་སྲིད་གཞུང་སྒྲིག་འཛུགས་བྱས་ཐོག་ཕྱོགས་ཡོངས་ནས་མཐིལ་རྟོགས་ཞིབ་བཤེར་དང་གཙང་སེལ་བཅོས་སྒྲིག  རིམ་པས་ཞིབ་དཔྱད་ཐོ་གསུབ་བཅས་ཀྱི་བྱ་ཐབས་བརྒྱུད་གཅིག་བསྡུས་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཁོར་ཡུག་གནད་དོན་རྩ་བའི་ཆ་ནས་གཙང་སེལ་བཅོས་སྒྲིག་བྱས་ཏེ།  འཐུང་ཆུའི་ཆུ་འགོའི་ཆུའི་སྤུས་ཚད་ལེགས་བཅོས་དང་རྒྱུན་མཐུད་བྱུང་ནས་འཐུང་ཆུའི་ཆུ་འགོའི་ཁོར་ཡུག་གི་བདེ་འཇགས་འགན་སྲུང་ཆུ་ཚད་མཐོ་རུ་ཏན་ཏིག་ཕྱིན་ཡོད།

ཤེས་རྟོགས་བྱས་པར་གཞིགས་ན།  ད་བར་ལྗོངས་ཡོངས་ཀྱི་ས་ཁུལ༼ གྲོང་ཁྱེར ༽རིམ་པའི་ཆུ་འགོའི་ཁུལ་དུ་ཁོར་ཡུག་གནད་དོན ༡༡ ཞིབ་བཤེར་ཐུབ་ཡོད་པ་ཚང་མ་ན་ནིང་གི་ལོ་མཇུག་ཏུ་བཅོས་སྒྲིག་ཟིན་པ་དང་།  རྫོང་རིམ་པའི་ཆུ་འགོའི་ཁུལ་དུ་གནད་དོན ༧༡ ཞིབ་བཤེར་ཐུབ་པ་ཚང་མ་ད་ལོའི་སྤྱི་ཟླ ༧ པའི་ཟླ་མཇུག་བར་དུ་བཅོས་སྒྲིག་ཟིན་ནས།  རྒྱལ་ཁབ་ཀྱི་ད་ལོའི་གཅིག་བསྡུས་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དོན་བྱ་སྤྱོད་ཀྱི་ལས་འགན་བཀོད་སྒྲིག་སྔ་སྣུར་དུ་ལེགས་སྒྲུབ་ཐུབ་པ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]