ནང་སའི་བོད་ལྗོངས་འཛིན་གྲྭའི་སློབ་གཉེར་གྲུབ་འབྲས་མངོན་གསལ་དོད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-13

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  གསར་འགོད་པས་རང་སྐྱོང་ལྗོངས་སློབ་གསོ་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན།  རྒྱལ་ཡོངས་ཀྱི་ཞིང་ཆེན ༢༡ གི་ནང་སའི་བོད་ལྗོངས་འཛིན་གྲྭ་དང་འབྲིང་རིམ་ལས་རིགས་འཛིན་གྲྭར་དེང་སྐབས་སློབ་མ་ཁྲི ༢ ཙམ་ཡོད་པའི་ནང་།  ནང་སའི་བོད་ལྗོངས་འཛིན་གྲྭའི༼ སློབ་གྲྭ ༽དམའ་རིམ་སློབ་འབྲིང་ལ་སློབ་མ ༥༠༠༠ དང་མཐོ་རིམ་སློབ་འབྲིང་ལ་སློབ་མ་ཁྲི ༡.༡  འབྲིང་རིམ་ལས་རིགས་འཛིན་གྲྭར་སློབ་མ ༣༧༠༠ བཅས་ཟིན་ནས་དམའ་རིམ་སློབ་འབྲིང་དང་མཐོ་རིམ་སློབ་འབྲིང་།  འབྲིང་རིམ་ལས་རིགས་སློབ་གྲྭ།  ཆེད་ལས་ཚན་ཁག  སྤྱིར་བཏང་དངོས་གཞིའི་ཚན་ཁག  ཞིབ་འཇུག་སློབ་མའི་སློབ་གསོ་བཅས་ཚུད་པའི་ཅུང་འཐུས་སྒོ་ཚང་བའི་སློབ་གཉེར་མ་ལག་ཅིག་སྤྱིར་ན་གྲུབ་ཡོད།  ད་བར།  ནང་སའི་བོད་ལྗོངས་འཛིན་གྲྭར༼ སློབ་གྲྭ ༽ཆེད་བསྐོས་དགེ་རྒན ༡༧༠༠ ཡོད་པ་དང་ལོ་ལྟར་བོད་ཡིག་དགེ་རྒན ༢༠༠ འདེམས་མངགས་བྱེད་ཀྱི་ཡོད།  ད་བར་ནང་སའི་བོད་ལྗོངས་འཛིན་གྲྭ༼ སློབ་གྲྭ ༽དང་འབྲིང་རིམ་ལས་རིགས་འཛིན་གྲྭས་རང་ལྗོངས་ལ་འབྲིང་རིམ་ཆེད་ལས་ཡན་གྱི་རིམ་པ་ཁག་དང་རིགས་ཁག་ཤེས་ལྡན་པ་ཁྲི ༥.༦ གསོ་སྐྱོང་བྱས་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]