ད་ལོའི་ཚུན་དུ་རང་ལྗོངས་ཀྱིས་ལས་གཏོད་ལས་ཞུགས་ཐད་སྐུལ་འདེད་ཏན་ཏིག་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-14

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ད་ལོའི་ཚུན་དུ་རང་ལྗོངས་ཀྱིས་ལས་ཞུགས་བརྟན་པོ་ཡོང་རྒྱུ་དེ་ལས་འགན་ཨང་དང་པོར་རྩིས་ནས་དམིགས་ཚད་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་བ་དང་།  ལས་ཀའི་བྱ་ཐབས་འཐུས་སྒོ་ཚང་དུ་བཏང་སྟབས་ལྗོངས་ཡོངས་ཀྱི་ལས་ཞུགས་བརྟན་པོ་ཐུབ་རྒྱུ་རྒྱུན་འཁྱོངས་བྱུང་ཡོད།

སྤྱི་ཟླ་དང་པོ་ནས་བདུན་པའི་བར་ལྗོངས་ཡོངས་ཀྱི་ལས་ཞུགས་ལས་གཏོད་ལས་ཀའི་གྲངས་གཞིའི་སྤྱི་ཡོངས་ཀྱི་དམིགས་ཚད་དེ་སྔོན་དཔག་ལྟར་ལེགས་བསྒྲུབས་བྱུང་བ་དང་།  དམིགས་ཚད་གཙོ་བོ་ལེགས་བསྒྲུབས་ཅུང་ཡག་པོ་བྱུང་ནས།  གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་དུ་ལས་ཞུགས་ཐུབ་ཚད་མི་ཁྲི ༣.༤༣ ཟིན་པ་དང་ལས་ཀ་ཤོར་ཚད་བརྒྱ་ཆ་གསུམ་ནང་ཚུན་དུ་ཚོད་འཛིན་ཐུབ་ཡོད་ཅིང་།  ཞིང་འབྲོག་པའི་ངལ་ནུས་ལྷག་མ་ཁྲི ༤༠.༠༥ དང་མི་ཐེངས་ཁྲི ༦༦.༡༥ སྤོ་འགྱུར་ལས་ཞུགས་ཐུབ་ནས་ཡོང་འབབ་སྒོར་དུང་ཕྱུར ༢༠.༤༢ བྱུང་ཡོད།

ད་ལོའི་ཚུན་དུ་རང་ལྗོངས་ཀྱིས་རྩལ་ནུས་སྦྱོང་བརྡར་ལས་ཀར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་དེ་ཡང་།  སྤྱི་ཟླ་དང་པོ་ནས་བདུན་པའི་བར་ལྗོངས་ཡོངས་ཀྱིས་ཁྱོན་རིགས་ཁག་གི་རྩལ་ནུས་སྦྱོང་བརྡར་འཛིན་གྲྭ་ཐེངས ༨༠༠ ལྷག་ཙམ་གཉེར་ནས་མི་ཁྲི ༣.༢༨༧༡ ལ་ལས་རིགས་རྩལ་ནུས་སྦྱོང་བརྡར་སྤྲད་པ་དང་།  ལས་གཏོད་སྦྱོང་བརྡར་འཛིན་གྲྭ་ཐེངས ༤༤ གཉེར་ནས་ལས་གཏོད་སློབ་མ ༡༠༨༩ ལ་སྦྱོང་བརྡར་སྤྲད་ཅིང་།  སྦྱོང་བརྡར་བརྒྱུད་མི ༡༥༨ ལས་གཏོད་ཐུབ་པ་དང་མི ༣༤༣ ལས་གཏོད་སྐུལ་ཁྲིད་ཀྱིས་ལས་ཞུགས་ཐུབ་ཡོད།  དེ་བཞིན་མི ༦༡༠༠ ལྷག་ཙམ་ལ་རྩལ་ནུས་གསལ་འབྱེད་བྱས་པ་དང་མི ༤༩༧༦ ལ་ལས་རིགས་ཐོབ་ཐང་ལག་ཁྱེར་རགས་ཡོད།  དེ་དང་ཆབས་ཅིག་རང་ལྗོངས་ཀྱིས་ལས་ཞུགས་ལ་རོགས་སྐྱོར་བྱ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད།  ལས་ཞུགས་རོགས་སྐྱོར་ཟླ་བའི་བྱེད་སྒོ་སྤེལ་རིང་ཁྱོན་ལས་ཞུགས་ལ་དཀའ་ངལ་ཡོད་པའི་མི ༤༠༥༨ ལ་འཚམ་འདྲི་བྱས་ནས་མི ༧༧༠ ལས་ཞུགས་ཐུབ་པ་བྱས་ཡོད།  ལས་ཞུགས་རོགས་སྐྱོར་ཟླ་བའི་ཆེད་དོན་གདན་ཞུའི་བྱེད་སྒོའི་ནང་།  མི་བེད་སྤྱོད་བྱེད་མཁན་ལས་ཁུངས ༧༥ ཡིས་རིགས་ཁག་གི་ལས་ཞུགས་ལས་གནས ༡༨༧༥ མཁོ་འདོན་བྱས་པ་དང་མི་ཐེངས ༢༣༠ ཡིས་འདོད་མཐུན་བཞག་ཡོད།  དཔྱིད་རླུང་བྱ་སྤྱོད་དང་དམངས་གཉེར་ཁེ་ལས་ཀྱི་གདན་ཞུའི་གཟའ་འཁོར་གྱི་བྱེད་སྒོའི་ནང་།  མི་བེད་སྤྱོད་བྱེད་མཁན་ལས་ཁུངས ༡༥༢ ཀྱིས་རིགས་ཁག་གི་ལས་གནས ༣༣༧༦ མཁོ་འདོན་བྱས་པ་དང་མི ༥༨༠ ཡིས་ལས་ཞུགས་འདོད་མཐུན་བཞག་ཡོད།

གཞན་ཡང་།  རང་ལྗོངས་ཀྱིས་ལས་གཏོད་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ལས་དོན་ཏན་ཏིག་སྤེལ་ཡོད་པ་དེ་ཡང་།  ད་ལོ་སྐབས་གཉིས་པའི་རྒྱལ་ཡོངས་ལས་གཏོད་སྦྱོང་བརྡར་འཆད་ཁྲིད་པའི་འགྲན་བསྡུར་བོད་ལྗོངས་འགྲན་ཁུལ་གྱི་འདེམས་སྒྲུག་འགྲན་བསྡུར་བྱས་པ་དང་།  ཁྱོན་འཆད་ཁྲིད་པ ༣༢ ཁྲོད་ནས་ཕྱོགས་བསྡུས་སྐར་མ་མཐོ་བའི་འཆད་ཁྲིད་པ ༢ བདམས་ཏེ་བོད་ལྗོངས་ཀྱི་ཚབ་བྱས་ནས་རྒྱལ་ཡོངས་ཀྱི་མཐའ་མའི་འགྲན་བསྡུར་ནང་ཞུགས་རྒྱུ་ཡིན་པ་དང་།  རྒྱལ་ཡོངས་ཀྱི་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་ཅེས་པའི་བྱེད་སྒོའི་གཟའ་འཁོར་བྱེད་སྒོར་གཞོགས་འདེགས་བྱས་ཐོག  རང་སྐྱོང་ལྗོངས་ཀྱི་གཉིས་གཏོད་གཟའ་འཁོར་གྱི་ཐོན་རྗས་འགྲེམས་ཚོང་བྱེད་སྒོ་སྤེལ་བའི་ནང་གསར་གཏོད་ལས་གཏོད་ཀྱི་ཁེ་ལས ༣༥ ཞུགས་ཡོད།  རང་སྐྱོང་ལྗོངས་ཀྱི་ལས་གཏོད་སྐྱོང་སྤེལ་དཔེ་སྟོན་རྟེན་གཞི་དངོས་སུ་གཉེར་སྐྱོང་ཐུབ་པའི་ནང་ཁེ་ལས ༧༠ བཅའ་སྡོད་བྱས་ནས་མི ༦༨༥ ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་ཡོད།  ད་ལོའི་ལོ་སྟོད་དུ།  ཁེ་ལས་གསུམ་ལ་རང་ལྗོངས་ཀྱི་ཁག་དང་པོའི་ལྗོངས་རིམ་པའི་ལས་གཏོད་སྐྱོང་སྤེལ་རྟེན་གཞིར་གཏན་འཁེལ་བྱས་སྟེ་སྒོ་བྱང་སྤྲད་པ་རེད།  སྤྱི་ཟླ ༤ པའི་ཟླ་མཇུག་བར་ལས་གཏོད་རྒྱབ་སྐྱོར་མ་དངུལ་སྒོར་ཁྲི ༢༢༡༨ ལྷག་ཙམ་བཏང་བ་དང་མི ༥༨༧ གྱིས་ལས་གཏོད་འགོ་འཛུགས་མ་དངུལ་དང་།  ཁང་གླ་དང་ཆུ་རིན།  གློག་རིན་བཅས་ཀྱི་ཁ་གསབ་ལོངས་སྤྱོད་ཐུབ་ཡོད།

རང་ལྗོངས་ཀྱིས་ད་དུང་སྤྱི་པའི་ལས་ཞུགས་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ཡོད་པ་དེ་ཡང་།  བོད་རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་པའི་ལས་ཞུགས་སྤོ་འགྱུར་གྱི་རང་མིང་ཐོ་འགོད་མ་ལག་གསར་སྤེལ་དང་སྦྱོང་བརྡར།  གྲངས་གཞི་ཕབ་འཇུག་སོགས་ཀྱི་ལས་དོན་ཁག་སྤེལ་ཞིང་།  གྲོང་ཁྱེར༼ས་ཁུལ༽ཁག་གིས་ཟླ་བ་དང་པོ་ནས་དྲུག་པའི་བར་གྱི་གྲངས་གཞི་ཚང་མ་མ་ལག་ནང་བཅུག་ཏེ་ཞིང་འབྲོག་པའི་ལས་ཞུགས་སྤོ་འགྱུར་གྱི་གྲངས་མཛོད་སྐྲུན་རྒྱུར་རྨང་གཞི་བཟང་པོ་བཏིངས་ཡོད་པ་དང་།  གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མ་ཐུབ་པའི་མི་སྣའི་ཐོ་འགོད་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]