ལྷོ་ཁས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-30

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུན།  ལྷོ་ཁ་གྲོང་ཁྱེར་གྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོས་ཏང་གི་བཀའ་དྲིན་དྲན་པ་དང་ཏང་གི་བཀའ་ལ་ཉན་པ།  ཏང་གི་རྗེས་སུ་འབྲངས་པ་བཅས་ཀྱི་འདུ་ཤེས་ཟབ་ཏུ་བཏང་བས་གྲོང་ཁྱེར་དང་གྲོང་གསེབ་ཏུ་འགྱུར་བ་ཆེན་པོ་ཕྱིན་ཡོད་ལ།  གྲོང་ཁྱེར་དེས་རྣམ་པ་སྣ་ཚོགས་ཀྱི་རིག་རྩལ་དྲིལ་བསྒྲགས་བརྒྱུད་མང་ཚོགས་བྱེད་སྒོའི་ནང་ཧུར་ཐག་ཞུགས་རྒྱུར་སྐུལ་སློང་བྱས་པས་བྱེད་སྒོའི་ཕན་འབྲས་ཀྱང་ཆེན་པོ་ཐོན་ཡོད། 
གོང་དཀར་རྫོང་གི་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བྱེད་སྒོ་སྤེལ་ཡུལ་སྟེ་ས་བབ་མཐོ་ས་ནས་སྐྱེ་ཁམས་གནས་སྤོའི་ས་ཚིགས་ཁུལ་གྱི་བྱེད་སྒོར་ཞུགས་མ་ཐག་པའི་མང་ཚོགས་པད་མས།  སྣང་ཆེན་བཞི་དང་དགའ་ཞེན་བཞིའི་བྱེད་སྒོའི་ཁྲོད་ཀྱི་ལེ་ཚན་འབྲས་དཀར་གནའ་གྲོང་གི་རྣམ་པ་གསར་པ་ཞེས་པ་དང་དགོད་གཏམ་བདེ་ཐང་གི་འབོད་སྒྲ་ཞེས་པའི་ནང་།  ང་ཚོའི་ཉེ་འགྲམ་དུ་ཐོན་པའི་གནས་ཚུལ་བཀོད་འདུག  ལེ་ཚན་དེ་དག་བལྟས་རྗེས་ཚང་མས་མཛེས་སྡུག་ལྡན་པའི་འཚོ་བ་ནི་ང་ཚོ་རང་ཉིད་ཀྱིས་འབད་བརྩོན་བྱས་ཚེ་མངོན་འགྱུར་ཡོང་ངེས་ཡིན་པའི་གནས་ལུགས་རྟོགས་ཐུབ་ཀྱི་འདུག་ཅེས་བཤད་པ་རེད། 
ལྷོ་ཁ་གྲོང་ཁྱེར་གྱི་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་སྒྲོག་འགྲེལ་པས་རིགས་གཞུང་གོ་བདེའི་ཐོག་ནས་གྲོང་ཚོ་དང་སྡེ་ཁུལ།  ཞིང་མུ།  དབྱར་རྩྭ་དགུན་འབུ་བརྐོ་ས།  བཟོ་གྲྭ་དང་ལས་ཡུལ།  དགོན་སྡེ།  སློབ་གྲྭ་འབྲིང་ཆུང་བཅས་ལ་ཟབ་སྐྱོད་བྱས་ཏེ་གཅིག་བསྡུས་སྒྲོག་འགྲེལ་དང་དུད་ཚང་སྒྲོག་འགྲེལ།  སྐོར་སྐྱོད་སྒྲོག་འགྲེལ།  སྨྱན་སྦྱོར་གསར་པའི་སྒྲོག་འགྲེལ།  བཅའ་སྡོད་སྒྲོག་འགྲེལ།  བརྗེ་བསྒྱུར་སྒྲོག་འགྲེལ།  རིག་རྩལ་སྒྲོག་འགྲེལ་སོགས་རྣམ་པ་སྣ་ཚོགས་བརྒྱུད་སྔ་ཕྱི་བསྡོམས་མང་ཚོགས་ཁྲི་ཚོ ༡༡༩ ལ་སྒྲོག་སྦྱང་ཐེངས ༡༨༡༡༢ བྱས་པ་རེད། 
གཞན་ཡང་། ལྷོ་ཁ་གྲོང་ཁྱེར་གྱིས་རིག་གནས་གསར་པ་དང་རིག་རྩལ་གསར་པའི་བྱེད་ཐབས་གསར་པ་སྤྱད་དེ་གཏམ་བརྗོད་ཟློས་གར་ཁེ་གསུམ་གྱི་འདས་སོང་དང་དེང་སྐབས་མ་འོངས་ཞེས་པ།  རིག་འཛིན་གྱི་བྱམས་སེམས་ཆེན་མོ་སོགས་གསར་རྩོམ་བྱས་ནས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་སློབ་གསོ་ལག་ལེན་བྱེད་སྒོའི་སྤྲོ་སེམས་ཆེ་རུ་བཏང་བ་རེད། 
ད་བར་ལྷོ་ཁ་གྲོང་ཁྱེར་གྱི་གྲོང་ཚོ་དང་སྡེ་ཁུལ ༥༤༩ ཡིས་སྣང་ཆེན་བཞི་དང་དགའ་ཞེན་བཞི་ཞེས་པ་དང་།  རང་སྟོབས་རང་སྤེལ་དང་ངལ་རྩོལ་ཕྱུག་འགྱུར་ཞེས་པ་སོགས་ཀྱི་ནང་དོན་གྲོང་སྲོལ་དམངས་ཆིངས་ནང་བཅུག་ནས་ལག་བསྟར་ཧུར་ཐག་བྱས་པ་རེད།  དེ་དང་ཆབས་ཅིག་སྒྲིག་སྲོལ་ལམ་ལུགས་ཁག ༡༩༤ གསར་དུ་བཙུགས་པ་དང་དུས་བབ་གསར་པའི་བླང་བྱ།  མི་འཚམས་པའི་སྒྲིག་སྲོལ་ལམ་ལུགས ༧ མེད་པ་བཟོས་པ།  སྒྲིག་སྲོལ་ལམ་ལུགས ༡༠༥ བཟོ་བཅོས་འཐུས་ཚང་རྒྱབ་པ་བཅས་བྱས་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]