སྟེང་ཆེན་རྫོང་གི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ཉེན་ཁ་ཡོད་པའི་ཁང་པ་བསྒྱུར་བཀོད་ལས་དོན་ལ་སྐུལ་འདེད་ནུས་ལྡན་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-02

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

འདི་ལོ་ཚུན་དུ།  ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་གི་གྲོང་ཚོར༼ སྡེ་ཁུལ ༽བཅའ་སྡོད་ལས་དོན་རུ་ཁག་ཁག་གིས།  ཉེན་ཁ་ཡོད་པའི་ཁང་པ་བསྒྱུར་བཀོད་ཀྱི་སྲིད་ཇུས་དང་ཁྲིམས་སྲོལ་ཁག་ལག་བསྟར་དོན་འཁྱོལ་དང་ལས་རིམ་ཁག་ལག་བསྟར་ནན་པོ་བྱས་ནས།  ཉེན་ཁ་ཡོད་པའི་ཁང་པ་བསྒྱུར་བཀོད་ལས་དོན་ལ་སྐུལ་འདེད་ནུས་ལྡན་བཏང་བ་རེད།  སྟེང་ཆེན་རྫོང་གིས་དུད་ཚང་ ༤༠༢ ཀྱི་ཉེན་ཁ་ཡོད་པའི་ཁང་པ་བསྒྱུར་བཀོད་བྱས་ཟིན་པ་རེད།  ལས་དོན་སྤེལ་རིང་ཉེན་ཁ་ཡོད་པའི་ཁང་པ་བསྒྱུར་བཀོད་ལས་དོན་གྱི་ཇུས་གཞི་དང་།  ལས་རིམ།  ལས་ཀའི་ཚད་གཞི།  འཕེལ་རིམ་འཆར་འགོད་བཅས་ལ་ནན་པོར་གཞིགས་ནས།  དུད་ཚང་རེ་རེ་བཞིན་གྲལ་བཤེར་ཞིབ་ཚགས་བྱས་ཏེ་དུད་ཚང་གཅིག་ཀྱང་མི་ལུས་པར་བྱས་པ་དང་།  ཉེན་ཁ་ཡོད་པའི་ཁང་པ་བསྒྱུར་བཀོད་ཐོག་མར་བྱ་རྒྱུར་བདམས་པའི་དུད་ཚང་ཁག་ལ་ཞིབ་བཤེར་བྱས་ནས།  རིམ་པ་བཞིན་དཔྱད་བསྡུར་གཏན་འབེབས་བྱས་པ་མ་ཟད།  ད་དུང་ཉེན་ཁ་ཡོད་པའི་ཁང་པ་བསྒྱུར་བཀོད་མིང་ཐོ་ཡོངས་བསྒྲགས་བྱས་ནས།  སྡོད་ཁང་ཉེན་ཁ་ཆེ་ཤོས་དང་དཔལ་འབྱོར་འཁོས་ཀ་ཞན་ཤོས་ཀྱི་དུད་ཚང་ཁག་དམིགས་སུ་བཀར་ནས་སྔོན་ལ་བསྒྱུར་བཀོད་བྱས་པ་རེད།  སྟེང་ཆེན་རྫོང་གི་གྲོང་ཚོར༼ སྡེ་ཁུལ ༽བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་ཁྱོན་དུད་ཚང་ ༡༦༢༨ ཀྱི་ཉེན་ཁ་ཡོད་པའི་ཁང་པ་ལ་ཞིབ་བཤེར་བྱས་ཡོད།

ཨར་སྐྲུན་རིང་གྲོང་ཚོར༼ སྡེ་ཁུལ ༽བཅའ་སྡོད་ལས་དོན་རུ་ཁག་ཁག་གི་ལས་དོན་མི་སྣས་རྟག་ཏུ་བསྒྱུར་བཀོད་བྱ་ཡུལ་དུ་བསྐྱོད་དེ་ཨར་པོའི་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་སྦྲགས།  ཉེན་ཁ་ཡོད་པའི་ཁང་པ་བསྒྱུར་བཀོད་ཀྱི་ལག་རྩལ་མི་སྣ་དང་ཨར་པོ་བར་བསྒྱུར་བཀོད་ཇུས་གཞི་ལྟར་ཨར་པོ་རྒྱག་དགོས་པ་མ་ཟད།  ད་དུང་ཨར་པོའི་བརྒྱུད་རིམ་ཧྲིལ་པོར་རྗེས་འདེད་ལྟ་སྐུལ་བྱས་ནས།  ཨར་པོ་རྒྱག་རིང་ཐོན་པའི་གནད་དོན་སྣ་ཚོགས་དུས་ཐོག་ཏུ་ཤེས་རྟོགས་དང་།  རྩད་ཞིབ་ཐག་གཅོད།  ཡོ་བསྲང་བཅས་བྱས་ཏེ།  ལས་གྲྭའི་འཕེལ་རིམ་དང་སྤུས་ཚད་འགན་ལེན་ངང་མང་ཚོགས་རྣམས་བདེ་འཇགས་ལྡན་པའི་སྡོད་ཁང་དང་བློ་བདེའི་སྡོད་ཁང་དུ་སྡོད་ཐུབ་རྒྱུ་འགན་ལེན་བྱེད་དགོས་པའི་བླང་བྱ་ཡང་བཏོན་པ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]