སྤོ་བོ་རྫོང་སྒང་པ་གྲོང་ཚོས་ཏང་འཛུགས་ལ་ཤུགས་སྣོན་བརྒྱབ་ནས་ཡུལ་སྐོར་ལས་རིགས་གོང་འཕེལ་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-03

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་བའི་ལོའི་ནང་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་ཁྲབ་རྨོག་གྲོང་རྡལ་སྒང་པ་གྲོང་ཚོས།  རང་ངོས་ཀྱི་ཐོན་ཁུངས་ལེགས་ཆར་གཞི་ཚུགས་པ་དང་ཏང་ཡོན་གྱིས་སྣེ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་ངང་།  ཁྱད་ཆོས་ལྡན་པའི་ཏང་འཛུགས་ནས་ཡུལ་སྐོར་གོང་འཕེལ་ལ་སྣེ་ཁྲིད་བྱེད་པའི་ལམ་བུའི་ཐོག་བསྐྱོད་དེ།  ཏང་ཡོན་དང་མང་ཚོགས་མཉམ་ཤུགས་ཀྱི་ལས་ཀའི་བསམ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་།  ཏང་འཛུགས་ནས་གོང་འཕེལ་ལ་ཁྲིད་སྟོན་བྱས་ཏེ་ཡུལ་སྐོར་ཐོན་ལས་གོང་འཕེལ་རྒྱུན་མཐུད་ཐུབ་པ་བྱས་ཡོད།

སྒང་པ་གྲོང་ཚོའི་ཏང་དོན་དང་མང་ཚོགས་ཞབས་ཞུ་ལྟེ་གནས་དང་སྒང་གསོམ་ཤིང་གླིང་ཡུལ་སྐོར་ཞབས་ཞུ་ལྟེ་གནས་བཙུགས་ཚུན།  སྒང་པ་གྲོང་ཚོས་ཏང་དོན་དང་མང་ཚོགས་ཞབས་ཞུ་ལྟེ་གནས་བརྒྱུད་ལམ་ལུགས་འཛུགས་སྐྱོང་ངང་སྣེ་ཁྲིད་བྱེད་པ་དང་།  ལས་ཞུགས་རྩལ་ནུས་སྦྱོང་བརྡར་སྤྲོད་རྒྱུ་གཙོ་བོར་བྱེད་པ།  གཞི་རིམ་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་བྱེད་རྒྱུར་དམ་འཛིན་ཧུར་ཐག་བཅས་བྱས་ནས།  གྲོང་སྲོལ་དམངས་ཆིངས་ལ་སྐུལ་སྤེལ་གཏོང་བ་དང་།  གསང་སྤྱོད་གསར་བརྗེ་ལ་སྐུལ་སྤེལ་གཏོང་རོགས་བྱེད་པ།  ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་བྱེད་པ་སོགས་ཀྱི་ལས་དོན་སྤེལ་བ་བརྒྱུད།  ཞིང་འབྲོག་མང་ཚོགས་ཀྱི་བསམ་བློ་ཀུན་སྤྱོད་བྱང་ཚད་དང་རིག་གནས་བྱང་ཚད་སྔར་བས་མཐོ་རུ་བཏང་བ་རེད།  སྒང་པ་གྲོང་ཚོས་ཡུལ་སྐོར་ཞབས་ཞུ་ལྟེ་གནས་དེ་གཞི་རྟེན་དུ་བྱས་ཏེ།  ཁྱིམ་ཚང་མགྲོན་ཁང་གཉེར་ནས་སྐར་མ་རིམ་པ་ལྟར་གཅིག་གྱུར་དོ་དམ་དང་གཅིག་གྱུར་རིན་གོང་ལག་བསྟར་བྱེད་པ་དང་།  ཞབས་ཞུ་བྲིན་ཚོང་གི་ཐབས་ལམ་རྒྱ་ཆེར་བཏང་ནས་ཞབས་ཞུ་ལེགས་པོ་སྒྲུབ་པ་དང་།  ཡུལ་སྐོར་འཁོར་སྦྲེལ་བཏོད་དེ་ཡུལ་སྐོར་ཞབས་ཞུའི་ལྟེ་གནས་སུ་རྩམ་པ་ལས་སྣོན་ཉམས་ལེན་བྱེད་ས་དང་ཆུ་འཐག་རྩམ་པ་བྲིན་ཚོང་བྱེད་ས་བཙུགས་པ་མ་ཟད།  ཁེ་ཕན་རང་བཞིན་གྱི་སྤྲོ་གསེང་རོལ་རྩེད་སྒྲིག་བཀོད་སྒྲིག་སྦྱོར་བྱས་ནས་གྲོང་ཚོའི་མཉམ་སྡེབ་ཀྱི་དཔལ་འབྱོར་ཡོང་འབབ་འཕར་བ་བྱས་པ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]