རང་ལྗོངས་ཀྱིས་གསར་བརྗེའི་ཡུལ་སྐོར་ལམ་ཐིག་གཅིག་དང་དབྱར་དུས་ཚ་གཡོལ་ཡུལ་སྐོར་ལམ་ཐིག་ལྔ་བཏོད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-23

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རང་སྐྱོང་ལྗོངས་ཡུལ་སྐོར་གོང་འཕེལ་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན།  ཉེ་དུས།  རང་ལྗོངས་ཀྱིས་ཉིང་ཁྲི་གྲོང་ཁྱེར་དུ་ལྷ་ས་དང་ཀླུ་སྣང་།  སྤོ་བོ་རྫོང་།  བྲག་གསུམ་མཚོ་བཅས་དབར་གྱི་གསར་བརྗེའི་ཡུལ་སྐོར་ལམ་ཐིག་གཅིག་དང་དེ་མིན་དབྱར་དུས་ཚ་གཡོལ་ཡུལ་སྐོར་ལམ་ཐིག ༥ བཏོད་ཡོད།  
གསར་བརྗེའི་ཡུལ་སྐོར་ལམ་ཐིག་དེའི་ནང་ལྷ་སའི་ཐང་ཀོན་སན་དྲན་གསོ་གླིང་དང་སྤོ་བོ་རྫོང་ཁྲབ་རྨོག་ལྟེ་བའི་རྫོང་ཨུད་ཀྱི་ཐོག་ཁང་དམར་པོ།  ཐང་སྨད་ཁྲོན་བོད་ལམ་ཐིག་གི་དཔའ་བོ་བཅུའི་དྲན་གསོའི་རྡོ་རིང་སོགས་ཀྱི་གསར་བརྗེའི་མཛེས་ལྗོངས་མང་པོ་ཞིག་གཞི་གཅིག་ཏུ་སྒྲིལ་ཏེ།  གསར་བརྗེའི་རིག་གནས་ཀྱི་བསམ་པའི་རྒྱུ་ནོར་རྩ་ཆེན་གཅིག་བསྡུས་བྱས་པ་དང་ཆབས་ཅིག  ལམ་རྒྱུད་ཀྱི་སྐྱེ་ཁམས་དང་གྲོང་གསེབ་ཡུལ་སྐོར་སྦྲེལ་མཐུད་ཀྱང་བྱས་ཡོད།  
བོད་ཤར་ལྷོའི་རྒྱུད་དུ་གནས་པའི་ཉིང་ཁྲི་གྲོང་ཁྱེར་ནི་གནམ་གཤིས་དྲོ་འཇམ་ལྡན་ལ་བཞའ་ཚན་ཆེ་བས་གངས་ལྗོངས་ཀྱི་ཡུལ་མཆོག་ཅེས་སུ་གྲགས་པ་དང་།  དབྱར་དུས་ཀྱི་དྲོད་ཚད་ཧྲ་ཧྲེ་ཏུའུ ༢༠ ཡས་མས་ཡིན་པས་ཀྲུང་གོའི་དབྱར་དུས་ཚ་གཡོལ་ཡུལ་སྐོར་གནས་མཆོག་ཞིག་ཏུ་གྱུར་ཡོད།  
བོད་རང་སྐྱོང་ལྗོངས་ཡུལ་སྐོར་གོང་འཕེལ་ཐིང་གི་ཐིང་ཀྲང་ཝང་སུང་ཕིང་ནས།  ཡུལ་སྐོར་ལམ་ཐིག་དེས་རང་ལྗོངས་ཀྱི་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་སུ་བཏང་ཡོད་པས།  ཡུལ་སྐོར་བ་ཚོར་བོད་ཀྱི་རང་བྱུང་མཇེས་ལྗོངས་མྱོང་རོལ་བྱེད་གཞོར་དུ་གསར་བརྗེའི་སློབ་གསོ་ཐེབས་རྒྱུ་རེད་ཅེས་གསུངས།། 

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]