བོད་ཀྱི་ལས་འཁྱུར་དང་རྒན་ཡོལ་ཞུས་པའི་ལས་བྱེད་པས་རིག་རྩལ་འཁྲབ་སྟོན་བྱས་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བར་རྟེན་འབྲེལ་ཞུས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-26

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཡོངས་ཀྱི་ལས་འཁྱུར་དང་རྒན་ཡོལ་ཞུས་པའི་ལས་བྱེད་པས།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བར་རྟེན་འབྲེལ་ཞུ་བའི་འོད་སྟོང་འཕྲོ་བའི་ལོ་ངོ་ ༧༠ འབད་འབུངས་ཡར་བརྩོན་གྱི་དུས་རབས་གསར་པ་ཞེས་པའི་རིག་རྩལ་འཁྲབ་སྟོན་རང་སྐྱོང་ལྗོངས་གླུ་གར་ཁང་དུ་བྱས་པ་རེད།
ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཏིང་གཡས་ཤན་དང་།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའི་པུའུ་ཀྲང་གྲེན་ཡུང་ཆི།  རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་རྒན་གྲས་པ་སངས་དང་ཚུལ་ཁྲིམས།  བློ་བཟང་དོན་གྲུབ་སོགས་ཀྱིས་ལྗོངས་ཡོངས་ཀྱི་ལས་འཁྱུར་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་འཐུས་མི་དང་ལྷན་དུ་འཁྲབ་སྟོན་གཟིགས་པ་རེད།
ད་ཐེངས་ཀྱི་རིག་རྩལ་འཁྲབ་སྟོན་བརྒྱུད་བོད་ལྗོངས་མི་རིགས་ཁག་གི་མི་དམངས་ཚོས་ཏང་གི་མཛུབ་སྟོན་གནང་བའི་ཡང་དག་པའི་ཁ་ཕྱོགས་ལ་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་གྲ་རྒྱས་གོང་འཕེལ་ཡོང་བ་བྱས་ནས།  དུས་ཐུང་ལོ་ངོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་གཡུར་ཟའི་གྲུབ་འབྲས་བཏོད་པ་རེད།  ལྗོངས་ཡོངས་ཀྱི་ལས་ཁུངས་ཁག་དང་གྲོང་ཁྱེར༼ ས་ཁུལ ༽ཁག་གི་ལས་འཁྱུར་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་འཐུས་མིས་སྙན་འཇེབས་ལྡན་པའི་གླུ་དབྱངས་ཐོག་ནས།  རླབས་ཆེའི་མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་བོད་ལྗོངས་སྔར་བས་ཞི་མཐུན་བདེ་སྐྱིད་ཡོང་བའི་སྨོན་འདུན་ཞུས་ཡོད་པ་རེད།
འཁྲབ་སྟོན་བྱེད་རིང་ཏིང་གཡས་ཤན་དང་གྲེན་ཡུང་ཆི་རྣམ་གཉིས་ཀྱིས་ལྗོངས་ཡོངས་ཀྱི་ལས་འཁྱུར་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཡིག་གཟུགས་འགྲན་བསྡུར་སྐབས་གསུམ་པའི་ཁྲོད་བྱ་དགའ་ཐོབ་མཁན་འཐུས་མིར་བྱ་དགའ་སྤྲད་གནང་བ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]