ལོ་ངོ་༧༠རིང་བོད་ཀྱི་བུད་མེད་དང་བྱིས་པའི་བྱ་གཞག་གོང་འཕེལ་ཆེན་པོ་བྱུང་ཡོད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-27

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༢༥ ཉིན།  གསར་འགོད་པས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་ཚུན།  བོད་ཀྱི་བུད་མེད་དང་བྱིས་པའི་བྱ་གཞག་གོང་འཕེལ་ཐད་ཐོབ་པའི་གྲུབ་འབྲས་ཀྱི་གསར་འགྱུར་འགྲེམས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན།  ཏང་གི་དབུ་ཁྲིད་འོག་ལོ་ངོ་ ༧༠ རིང་གོང་འཕེལ་བརྒྱུད་རང་ལྗོངས་སུ་མི་རིགས་ཁག་གི་བུད་མེད་ལ་ལོ་རྒྱུས་རང་བཞིན་གྱི་བཅིངས་འགྲོལ་དང་ཡར་རྒྱས་བྱུང་ཡོད་ཅིང་།  ཁོང་ཚོའི་གནས་བབ་ལ་ཡང་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་།  མི་རིགས་ཁག་གི་བུད་མེད་རྣམས་རང་ལྗོངས་ཀྱི་གསར་བརྗེ་དང་འཛུགས་སྐྲུན།  བསྒྱུར་བཅོས།  ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ལྗོངས་ལེའུ་བཅས་ཀྱི་རླབས་ཆེའི་ལག་ལེན་ནང་ཧུར་ཐག་ཞུགས་ནས་བོད་ཀྱི་གནམ་ཕྱེད་ཀ་བཏེགས་ཡོད། 
བོད་གསར་པར་ཕོ་མོ་འདྲ་མཉམ་གྱི་ཆབ་སྲིད་ཁེ་དབང་ལ་མཐོང་ཆེན་དང་འགན་སྲུང་ཐུབ་པ་དང་།  མི་རིགས་ཁག་གི་བུད་མེད་ཚོས་འདྲ་མཉམ་དང་ཁྲིམས་བཞིན་དམངས་གཙོའི་ཁེ་དབང་སྤྱད་དེ་བུད་མེད་སྲིད་ཞུགས་བྱེད་པའི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་སྐྱེད་བཏང་ཡོད་ལ།  དམངས་གཙོ་ཆབ་སྲིད་འཛུགས་སྐྱོང་ཁྲོད་ཀྱི་ནུས་པ་ཉིན་རེ་བཞིན་ཆེ་རུ་འགྲོ་བཞིན་ཡོད།  དེང་སྐབས་ལྗོངས་ཡོངས་སུ་བུད་མེད་གཞུང་ཞབས་པ ༢༩༢༠༠ ཡོད་པ་དེས་གཞུང་ཞབས་པའི་སྤྱིའི་མི་གྲངས་ཀྱི་བརྒྱ་ཆ ༣༢.༩༦ བཟུང་ཡོད།

ལོ་ངོ་ ༧༠ རིང་བོད་ཀྱི་བུད་མེད་གོང་འཕེལ་གྱི་ཁེ་དབང་དང་གོང་འཕེལ་གྱི་ཁོར་ཡུག་རྒྱ་ཆེ་བ།  བུད་མེད་ཚོས་རྒྱལ་ཁབ་དང་བོད་ཀྱི་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་འཛུགས་སྐྲུན་ནང་ཞུགས་པའི་སྤྲོ་སེམས་རབ་ཏུ་འཁོལ་ཞིང་།  རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་དང་ལྔ་བཞིའི་གཞོན་ནུའི་གཟེངས་རྟགས།  རྒྱལ་ཡོངས་ཀྱི་གསུམ་བརྒྱད་བུད་མེད་དར་དམར་བ།  རྒྱལ་ཡོངས་ཀྱི་བུད་མེད་བྱས་རྗེས་འཇོག་མཁན་དཔེ་བཟང་བ་སོགས་ཀྱི་དཔེ་མཚོན་འཐུས་མི་མི་ཉུང་བ་ཞིག་ཐོན་ཡོད་པ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]