རྒྱལ་ལམ ༣༡༧ རྒྱུད་ཀྱི་གྲུ་གུ་ལའི་ཕུག་ལམ་ཤར་གཏོང་ཐུབ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-28

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ལོ་བཞིའི་རིང་འཛུགས་སྐྲུན་བྱས་པ་བརྒྱུད་ཆབ་མདོ་གྲོང་ཁྱེར་ཁོངས་རྒྱལ་ལམ ༣༡༧ རྒྱུད་ཀྱི་གྲུ་གུ་ལའི་ཕུག་ལམ་སྤྱི་ཚེས ༢༦ ཉིན་ཤར་གཏོང་ཐུབ་ཡོད།  དེ་ནི་བར་ལའི་ཕུག་ལམ་དང་སྔས་ལའི་ཕུག་ལམ་ཤར་གཏོང་ཐུབ་རྗེས་རང་ལྗོངས་ནས་ད་ལོའི་ཚུན་དུ་ཤར་གཏོང་ཐུབ་པའི་ས་བབས་མཐོ་བའི་ཕུག་ལམ་རིང་གྲས་ཤིག་ཡིན།  གྲུ་གུ་ལའི་ཕུག་ལམ་ཤང་གཏོང་ཐུབ་རྗེས་རི་བོ་ཆེ་ནས་སྟེང་ཆེན་བར་གྱི་ལམ་ཐག་སྤྱི་ལེ ༡༩.༦ ཐུང་དུ་ཕྱིན་པ་རེད།  
གྲུ་གུ་ལའི་ཕུག་ལམ་གྱི་ལས་གཞི་དེ་ནི་ལོ་ལྔ་ཚན་བཅུ་གསུམ་པའི་རིང་རང་ལྗོངས་ཀྱིས་གཏན་འཁེལ་བྱས་པའི་གཙོ་གནད་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་གྲས་ཤིག་ཡིན་ཞིང་།  ཕུག་ལམ་གྱི་རིང་ཚད་ལ་སྤྱི་ཁྲེ ༤༦༠༥ ཡོད་པ་དང་རིང་ཚད་ལ་སྤྱི་ཁྲེ ༡༠༨ ཡོད་པའི་ཟམ་ཆེན་ཞིག་ཀྱང་ཚུད་ཡོད།  རྣམ་གྲངས་དེ་སྐྲུན་རྗེས་དེ་ཁུལ་གྱི་གཞུང་ལམ་ཆ་རྐྱེན་ལེགས་སུ་དང་བདེ་འཇགས་ལ་སྐྱོན་གཏོང་བའི་མངོན་མེད་རྐྱེན་རྩ་སེལ་ཐུབ་རྒྱུ་མ་ཟད།  དེ་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ཐད་ལ་ཡང་ནུས་པ་གལ་ཆེན་ཐོན་རྒྱུ་རེད།།  
 
 

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]