ལྗོངས་སྒྲིག་བཤེར་ཨུ་ལྷན་གྱིས་རྩ་ཆེའི་དམིཌ་བསལ་ཐོན་ཁུངས་བེད་སྤྱད་དེ་སྒེར་ཕན་སྒྲུབ་རིཌ་ཀྱི་དཔེ་མཚོན་གྱོད་གཞི་བརྡ་ཁྱབ་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-29

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རྒྱལ་སྟོན་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་སུ་སྤྱོད་ཚུལ་འཛུགས་སྐྱོང་བྱ་རྒྱུ་མཚམས་མེད་རྒྱུན་སྒྲུབ་བྱེད་པ་དང་ཉེན་བརྡ་སྒྲོག་ཤུགས་སྔར་བས་ཆེ་རུ་གཏོང་ཆེད།  ཉེ་དུས།  རང་སྐྱོང་ལྗོངས་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་གིས་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་ཁྱད་ལྡན་ཐོན་རྫས་རྩ་ཆེའི་རིགས་ཀྱི་དམིགས་བསལ་ཐོན་ཁུངས་བེད་སྤྱད་དེ་སྒེར་ཕན་སྒྲུབ་རིགས་གྱོད་དཔེ་བརྡ་ཁྱབ་བཏང་ཡོད།
གྱོད་དཔེ་དེ་དག་ནི།  བོད་ལྗོངས་མི་རིགས་སློབ་གླིང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ། ལྷ་སར་བཅའ་སྡོད་དོན་གཅོད་ཁྲུའི་ཀྲུའུ་རེན་གཅིག་ལྕོགས་དངོས་གྲུབ་ཀྱིས་གཞུང་དངུལ་སྤྱད་དེ་དབྱར་རྩྭ་དགུན་འབུ་ཉོས་ནས་སྤྲད་པ་སོགས་ཀྱི་གནད་དོན་དང་།  ནག་ཆུ་ས་ཁུལ་ནགས་ལས་ཅུས་ཀྱི་བརྟག་ཞིབ་པ་གཞོན་པ་ཚེ་རིང་རྒྱལ་བསྟན་གྱིས་དབྱར་རྩྭ་དགུན་འབུ་སོགས་གཞུང་ཞབས་པར་ལྐོག་བརྔན་སྤྲད་དེ་སྒེར་དོན་སྒྲུབ་པ་སོགས་ཀྱི་གནད་དོན།  ལྷོ་ཁ་གྲོང་ཁྱེར་རྩེད་ཐང་གྲོང་རྡལ་སྣེ་གདོང་གྲོང་མི་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཏང་ཀྲེ་པུའི་ཧྲུའུ་ཅི་ཟླ་བས་སྒྲིག་འགལ་ངང་དབྱར་རྩྭ་དགུན་འབུ་དང་རོལ་རྩེད་ཁང་གི་འཛད་སྤྱོད་གཱ་ལེན་པ་སོགས་ཀྱི་གནད་དོན་བཅས་ཡིན།   
བརྡ་ཁྱབ་ནང་། ལྗོངས་ཡོངས་སུ་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་ཏན་ཏིག་སྒྲུབ་པ་དང་།  འགོ་ཁྲིད་ལས་བྱེད་པས་ཁྱད་ལྡན་ཡུལ་ཟོག་ལ་ཁ་གཡར་ཏེ།  དམིགས་བསལ་ཐོན་ཁུངས་སུ་གཏོགས་པའི་རྩ་ཆེའི་ཁྱད་ལྡན་ཐོན་རྫས་སྒྲིག་འགལ་ངང་གཞུང་དངུལ་སྤྱད་དེ་ཉོ་སྒྲུབ་དང་།  སྒྲིག་འགལ་ངང་སྤྲོད་ལེན་བྱེད་པ།  སྒྲིག་འགལ་ངང་བཟུང་སྤྱོད་བྱེད་པ་བཅས་ཀྱི་གནད་དོན་དང་།  སྒྲིག་འགལ་ངང་དམིགས་བསལ་ཐོན་ཁུངས་སུ་གཏོགས་པའི་རྩ་ཆེའི་ཁྱད་ལྡན་ཐོན་རྫས་ལུག་མཐུན་གཉེར་སྐྱོང་ལ་བཀག་འགོག་དང་གཉེར་སྐྱོང་ནང་ཐེ་ཞུགས་བྱེད་པའི་གནད་དོན་ལ་བཅོས་སྒྲིག་མཐའ་གཅིག་ཏུ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།   
བརྡ་ཁྱབ་ནང་། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་གནད་དོན་གྱིས་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་ཤེས་རྟོགས་བྱུང་བའི་སྤྱོད་ཚུལ་བཞིའི་གནད་དོན་གང་མགྱོགས་ཞིབ་བཤེར་ཐག་གཅོད་བྱེད་དགོས་པ་མ་ཟད།  ཐོན་པའི་གནད་དོན་མཐའ་དག་དམར་འདོན་བརྡ་ཁྱབ་གཏོང་དགོས་པ་དང་།  ཆེད་དོན་བཅོས་སྒྲིག་བྱ་རྒྱུ་དེ་སྤྱོད་ཚུལ་བཞི་ཡོ་བསྲང་གི་གཞི་འཛིན་ས་གལ་ཆེན་ཞིག་ལ་རྩིས་ནས།  ཏང་ཡོན་འགོ་ཁྲིད་ལས་བྱེད་པས་ཁྱད་ལྡན་ཐོན་རྫས་རྩ་ཆེའི་རིགས་ཀྱི་དམིགས་བསལ་ཐོན་ཁུངས་བེད་སྤྱད་དེ་གཞུང་བརྟེན་སྒེར་སྒྲུབ།  དབང་བརྟེན་ཁེ་སྒྲུབ།  ཁེ་ཕན་སྤྲོད་རེས་སོགས་ཀྱི་གནད་དོན་ཞིབ་བཤེར་ནན་པོ་བྱས་ཐོག་འགན་འཁྲི་བདའ་འདེད་གཏོང་དགོས་པ་བཅས་ཀྱི་ནན་བཤད་ཀྱང་བྱས་ཡོད།།   
 

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]