ཚེ་རིང་ལྷ་མོ་ཞེས་པའི་གསར་རྩོམ་ལྷ་མོ་ལྷོ་ཁར་ཐོག་མའི་འཁྲབ་སྟོན་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-30

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༢༨ ཉིན་གྱི་དགོང་མོ་ལྷོ་ཁ་གྲོང་ཁྱེར་ཡར་ཀླུང་ཟློས་གར་ཁང་དུ།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བར་རྟེན་འབྲེལ་ཞུ་བའི་ཚེ་རིང་ལྷ་མོ་ཞེས་པའི་གསར་རྩོམ་ལྷ་མོ་འཁྲབ་སྟོན་བྱས་པ་རེད། 
ཤེས་རྟོགས་བྱས་པར་གཞིགས་ན།  གསར་རྩོམ་ལྷ་མོ་དེའི་ནང་དུས་རབས་གོང་མའི་ལོ་རབས་དྲུག་ཅུའི་སྐབས་སུ་ཚེ་རིང་ལྷ་མོས་གྲོང་མི་སྣེ་ཁྲིད་དེ་ནང་ཟན་རོགས་རེས་ཚོགས་ཆུང་བཙུགས་པ་དང་།  ཤུགས་སྐྱེད་སྟོབས་སྤེལ་དང་རང་རྐྱ་འཕེར་བའི་སྒོ་ནས་ཞིང་ལས་ཐོན་སྐྱེད་བྱས་པའི་སྐོར་བཀོད་ཡོད།  ལྷ་མོ་དེའི་ནང་མང་ཚོགས་དཀྱུས་མའི་གཏམ་རྒྱུད་ཀྱིས་གཙོ་རྐང་བྱས་ཏེ་མི་སེམས་འགུལ་བ་དང་མཐུན་སྒྲིལ་འབད་འཐབ་ཀྱི་གཏམ་རྒྱུད་མངོན་པར་བྱས་ནས།  གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་མེད་པའི་བདེན་དོན་གསོན་ཉམས་དོད་པོས་མཚོན་པར་བྱས་ཡོད།  ཤེས་རྟོགས་བྱས་པར་གཞིགས་ན།  ཚེ་རིང་ལྷ་མོ་ཞེས་པའི་གསར་རྩོམ་ལྷ་མོ་དེ་ལྷོ་ཁ་གྲོང་ཁྱེར་དུ་འཁྲབ་སྟོན་ཐོག་མ་བྱས་པ་དང་།  སྔར་བས་ལེགས་བཅོས་བྱས་ཏེ་ད་དུང་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་ནང་རིམ་བཞིན་སྐོར་བསྐྱོད་འཁྲབ་སྟོན་བྱ་རྒྱུ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]